༧གོང་ས་མཆོག་ནས་སྐུ་ཞབས་ཇོན་མེ་ཀེན་མཆོག་ལ་ཐུགས་སྨོན་དང་བསྔགས་བརྗོད་ཀྱི་ཕྱག་བྲིས་བསྩལ་བ།

༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་John McCain ལ་ཐུགས་སྨོན་དང་བསྔགས་བརྗོད་ཀྱི་ཕྱག་བྲིས་ཤིག་བསྩལ་གནང་མཛད་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་John McCainམཆོག་ལ་ཐུགས་སྨོན་དང་བསྔགས་བརྗོད་ཀྱི་ཕྱག་བྲིས་བསྩལ་བ། དགའ་ལྡན་ཕོ་བྲང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀླད་པའི་སྐྲན་ནད་ཀྱི་སྙུང་གཞི་ཕོག་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་John McCain ལ་ཐུགས་སྨོན་དང་བསྔགས་བརྗོད་ཀྱི་
ཕྱག་བྲིས་ཤིག་གསོལ་བསྩལ་གནང་འདུག།
སྤྱི་ཚེས་༢༥འཁོད་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚམས་འཕྲིན་དེའི་ནང། སྐུ་ཞབས་McCain གིས་སྨན་བཅོས་མཚམས་འཇོག་གནང་རྒྱུའི་ཐག་གཅོད་གནང་བ་དེ་༧གོང་ས་མཆོག་གིས་དེ་རིང་མཁྱེན་རྟོགས་བྱུང་བར་ཐུགས་ཕམ་བྱུང་ཞེས་དང་། ༧གོང་ས་མཆོག་གིས་སྐུ་ཞབས་McCain གྱིས་ད་ཕན་ཚང་མས་མིག་དཔེ་ལྟ་འོས་པའི་རྒྱལ་ཁབ་དང་འགྲོ་བ་མིའི་རིགས་ལ་སྐུ་ཚེ་ཧྲིལ་པོ་ཞབས་འདེགས་ཞུས་གནང་བར་ཐུགས་ཡིད་སྨོན་དང་བསྔགས་བརྗོད་ཆེན་པ་གནང་བཞིན་པའི་ཁར་McCain མཆོག་༧གོང་ས་མཆོག་གི་ཐུགས་བརྩེ་སྤྱན་འོག་ནས་མ་དོར་བར་ཐུགས་སྨོན་སྐྱབས་འཇུག་གནང་བཞིན་
ཡོད་ཅེས་བཀའ་གནང་འདུག།
ཨ་རིའི་གྲོས་ཚོས་གོང་མའི་འཐུས་མི་སྐུ་ཞབས་John McCain མཆོག་གུང་གྲངས་༨༡ལ་ཕེབས་ཡོད་པ་དང་། སྔ་ལོ་དབྱར་ཀ་ཁོང་གིས་ཨ་རིའི་མང་ཚོགས་ལ་ཀླད་པའི་སྐྲན་ནད་ཡོད་པ་གསལ་བསྒྲགས་གནང་བ་དང་། དེ་ནས་བཟུང་ད་བར་སྨན་བཅོས་རིམ་པ་གནང་ཡོད་ཀྱང་དྲག་སྐྱེད་མ་བྱུང་བར་ཁོང་གི་ནང་མིས་རེས་གཟའ་པ་སངས་ཉིན་McCainརང་ཉིད་ནས་སྨན་བཅོས་མཚམས་འཇོག་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་གསལ་བསྒྲགས་གནང་འདུག།
གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་John McCain མཆོག་གིས་༢༠༠༨ལོའི་ཕྱི་ཟླ་༧ཚེས་༢༥ཉིན་Colorado མངའ་སྡེའི་Aspenས་གནས་སུ་ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཆེད་དུ་ཕེབས་ཏེ་ལྷན་རྒྱས་དུས་ཡུན་ཀརྨ་༤༥ཙམ་ཐུགས་ལྷོད་ལྷོད་ངང་བཀའ་མོལ་གནང་ཡོད་པ་རེད། ཁོང་ནི་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་མཁན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཨ་རིའི་ཆབ་སྲིད་མི་སྣ་ཞིག་ཡིན་པ་རེད།།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org