ས་ལུ་ག་རའི་ཆོས་འབྲེལ་མཇུག་སྒྲིལ།

༧གོང་ས་མཆོག་ནས་འབྲས་ལྗོངས་ཁུལ་གྱི་མཛད་འཕྲིན་དང་། ས་ལུ་ག་ར་ཁུལ་གྱི་ཆོས་འབྲེལ་མཇུག་སྒྲིལ་བྱུང་འདུག

༧གོང་ས་མཆོག་ནས་ས་ལུ་ག་རར་ཆོས་འབྲེལ་གནང་སྐབས་ཀྱི་འདྲ་པར། ༧སྐུ་སྒེར་ཡིག་ཚང་གི་དྲ་གནས།

༄༅།    །སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འབྲས་ལྗོངས་མངའ་སྡེའི་སྒང་ཏོག་དང་ར་ཝ་ལ་ཁུལ་གྱི་མཛད་འཕྲིན་གྲུབ་པའི་རྗེས། ས་ལུ་ག་ར་ཁུལ་དུ་ཞབས་སོར་འཁོད་དེ།    ཕྱི་ཚེས་༢༧ ནས་དེ་རིང་བར་ཉིན་གྲངས་ཉིན་གྲངས་གསུམ་གྱི་རིང་ཆོས་འབྲེལ་གནང་ཡོད་པ་རེད།    ད་རེས་ཀྱི་ཆོས་འབྲེལ་དེའི་སྐབས་དད་ལྡན་ཆོས་ཞུ་བ་རྣམས་ལ་ལམ་སྟོན་བཀའ་སློབ་གནང་སྐབས།    ཆོས་འཆད་ཉན་གང་ཡིན་རྣམ་པར་དག་པོ་ཞིག་དགོས་པ་ལས་ཆོས་ཚོང་རྒྱག་མཁན་བྱས་ན་འགྲིག་གི་མེད་སྐོར་དང་།    ཡང་ཆོས་བསླབ་པ་སློབ་གཉེར་བྱེད་ཀྱི་ཡོད་ཟེར་སངས་རྒྱས་ཆོས་ཚོགས་མ་སློབ་ཁྲིད་བྱ་རྒྱུ་གཅིག་པུ་མ་ཡིན་པར། ནང་པའི་ཆོས་ནང་དུ་གསུང་པའི་ཚན་རིག་དང་ལྟ་གྲུབ་གཉིས་ནི།    ཤེས་ཡོན་གྱི་འདུ་ཤེས་དུ་འཛིན་ཏེ་སློབ་ཁྲིད་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་ཡོད་པ་རེད།    ས་ལུ་ག་རར་༧གོང་ས་མཆོག་ནས་འཇམ་དགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང༌། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་སེམས་ཉིད་ངལ་གསོའི་བཀའ་ཆོས་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org