ཉིན་གྲངས་བཞིའི་རིང་གི་མཛད་འཕྲིན་ལེགས་གྲུབ།

༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་ནི་༧མགོན་པོ་གང་ཉིད་ལ་ཐུག་མེད་སྐོར་ཇར་མི་ནེར་བོད་མི་ཚོར་བཀའ་གནང་འདུག

༸གོང་ས་མཆོག་གིས་འཇར་མ་ནིའི་གྲོང་ཁྱེར་Frankfurtཁུལ་དུ་བསྐྱངས་པའི་ཉིན་བཞིའི་རིང་གི་མཛད་འཕྲིན་ལེགས་གྲུབ་བྱུང་འདུག ༸གོང་ས་མཆོག་གི་དྲ་གནས།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མ་ནིའི་གྲོང་ཁྱེར་Frankfurtཁུལ་དུ་ཉིན་བཞིའི་རིང་གི་མཛད་འཕྲིན་ལེགས་གྲུབ་བྱུང་བའི་ཐད་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་སུ་ང་ཚོའི་གསར་འགོད་པ་ཚེ་དབང་ནོར་བུས་བཀའ་འདྲི་ཞུས་པ་ཞིག་གསན་རོགས།།

ཡིག་ཐོག་གསར་འགྱུར།

༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་ནི་༧མགོན་པོ་གང་ཉིད་ལ་ཐུག་མེད་སྐོར་ཇར་མི་ནེར་བོད་མི་ཚོར་བཀའ་གནང་འདུག

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཇར་མ་ནིའི་ནང་གནས་བཞུཊ་བོད་མི་༣༠༠་ལྷག་ལ་བཀའ་སློབ་སྩལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། ང་ཚོ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་བླ་སྲོག་ལྟ་བུར་གྱུར་བའི་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆཊ་ཡོད་ལ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་ལེགས་པོ་ཡོང་ཆེད་མང་གཙོའི་ལམ་དུ་བསྐྱོད་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། ལྷག་པར་ཁྱེད་རང་ཚོ་གཞོན་སྐྱེས་ཚོས་བོད་སྐད་དང་བོད་ཡིག་སྦྱོང་དགོས། སྤྱིར་བཏང་ཁྱེད་རང་ཚོ་འདི་གར་སྐྱེས་འཚར་བྱུང་ན་ཡང་བོད་པའི་སྐད་ཡིག་ཡིན་གཅིག་མིན་གཅིག་ཤེས་ཐུབ་པ་བྱས་ཏེ་མ་བརྗེད་པ་བྱེད་དགོས་ཅེས་གསུངས་བ་དང་། ༧གོང་ས་མཆོག་གིས་མུ་མཐུད་དུ། དེང་སྐབས་ང་ཚོ་མང་གཙོའི་ལམ་དུ་བསྐྱོད་དང་སྐྱོད་བཞིན་པ་ཡིན། ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་ཡོངས་རྫོཊ་མཚམས་འཇོག་བྱས་པ་ཡིན། དེ་ནི་ངོས་རང་སེམས་ཤུགས་ཆག་པ་དང་བོད་སྤྱི་པའི་དོན་ལ་རེ་བ་མེད་པར་ཆབ་སྲིད་ཀྱི་འགན་ཁུར་བཞག་པ་མིན་སྐོར་དང་། ཆབ་སྲིད་ཀྱི་ལས་འགན་རྣམས་འོས་བསྡུ་བྱས་ཏེ་སླེབས་པའི་འགོ་ཁྲིད་ཀྱིས་འགན་གཙང་མ་འཁྱེར་སྐབས་རྒྱ་མི་མཁྲེགས་བཟུང་བྱེད་མཁན་ཚོས་བོད་པའི་གནད་དོན་དེ་ཏཱ་ལའི་བླ་མར་ཐུག་ཡོད་པར་བརྟེན་ཏཱ་ལའི་བླ་མ་འཆི་སོང་ན་བོད་ཀྱི་གནས་ཚུལ་མེད་པ་ཆགས་ཀྱི་རེད་ཅེས་སྔོན་མ་ནས་ཤོད་ཀྱི་འདུག སྤྱིར་བཏང་ནས་བོད་ཀྱི་གནད་དོན་དེ་ནི་ཏཱ་ལའི་བླ་མའི་སྐུ་སྒེར་དང་ཐུག་མེད་ཐོག་ད་ཆ་དེ་ལྟར་ཤོད་རྒྱུ་ལྷག་མེད། ངོས་རང་འཆི་ན་ཡང་མི་མང་གིས་ལོ་ལྔ་རེའི་མཚམས་སུ་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་ཁྲིད་མུ་མཐུད་གནས་ཀྱི་རེད། དེར་བརྟེན་ང་ཚོའི་འགྲོ་སྟངས་ཧ་ཅང་བརྟན་པོ་ཆཌ་ཡོད། དེ་བཞིན་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་བརྩིས་ཀྱང་ཕར་ཕྱོགས་དེར་རྒྱ་མི་སྟོབས་ཤུགས་ཆེན་པོ་ཡོད་ཀྱང་གཅིག་སྡུད་རིང་ལུཊ་རེད། འཛམ་གླིང་གི་ཁྲོམ་རའི་ནང་གཅིག་སྡུད་རིང་ལུཊ་ཀྱི་ལམ་ལུཊ་དེ་དུས་ཚོད་ཡོལ་ཟིན་པ་ཆགས་ཡོད། ང་ཚོ་ཆུང་ཆུང་ཡིན་རུང་མང་གཙོའི་ལམ་གྱི་ཐོག་བརྒྱ་ཆ་བརྒྱ་བསྐྱོད་ཀྱི་ཡོད་སྟབས་དེ་ནི་ང་ཚོའི་གཟི་བརྗིད་རེད་ཅེས་སོཊ་བཀའ་སློབ་སྩལ་གནང་མཛད་འདུག
གསར་འགོད་པ་བསོད་ནམ་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org