༧གོང་ས་མཆོག་ནས་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་མའི་གསུང་ཆོས་སྩོལ་བཞིན་པ།

༧གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་མི་མང་རྣམས་ལ་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩོལ་བཞིན་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་ཆོས་སྩོལ་བཞིན་པ། དགའ་ལྡན་ཕོ་བྲང༌།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་གནང་བཞིན་པ་དང་། འཛམ་གླིང་གི་ས་ཕྱོགས་གང་སར་ཆང་རག་རིགས་འཐུང་དྲགས་པའི་རྐྱེན་གྱིས་སྤྱི་ཚོགས་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་དུས་ཚང་མས་ཆང་རག་རིགས་སྤོང་དགོས་པ་དང་། གནས་ཆོག་རྡོ་རྗེ་གདན་དུ་ཆོས་ཞུས་ནས་ཕྱིར་ལོག་དུས་རང་གི་སྤྱོད་ལམ་བཟང་དུ་ཕྱིན་པའི་དགོས་དོན་ངེས་པར་འགྲུབ་དགོས་པའི་བཀའ་སློབ་བསྩལ་འདུག   འདི་གའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་རྡོ་རྗེ་གདན་ནས་གནས་ཚུལ་བཏང་བ་ལྟར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཚེས་བཅོ་ལྔའི་ཉིན་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་དེ་བཞིན་དགེ་བསྙེན་སྒྲུབ་རྒྱུ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྟ་གོན་སོགས་མཛད་ཡོད་པ་དང་།     སྐབས་དེར་༧གོང་ས་༧སྐྱབས་ཆེན་པོ་མགོན་མཆོག་ནས་གསུང་ཆོས་ཞུས་ནས་ཕྱིར་ལོག་དུས་སྔར་དང་མི་འདྲ་བར་སེམས་ལ་འགྱུར་བ་ཕྱིན་ཏེ་ངན་པའི་སྤྱོད་པ་དོར་བ་དང་། བཟང་པོའི་སྤྱོད་པར་འཇུག་པའི་མི་བཟང་པོ་ཞིག་འབྱུང་ཐབས་སུ་འབད་པ་ལྷུར་ལེན་བྱེད་དགོས་པའི་བཀའ་སློབ་ཟབ་མོ་བསྩལ་གནང་འདུག ད་ཪེས་ཀྱི་གསུང་ཆོས་དེ་རྣམ་རྒྱལ་གྲྭ་ཚང་དང་སོག་པོའི་གསུང་ཆོས་བཀོད་སྒྲིག་ཚོགས་ཆུང་གཉིས་ཐུན་མོང་གིས་བཀོད་སྒྲིག་བྱས་བ་དང་། སྤྱི་ཚེ་ས༡༦ཉིན་སྤྱན་རས་གཟིགས་ཀྱི་དབང་གྲུབ་རྗེས་༧གོང་ས་མཆོག་་ལ་བརྟན་བཞུགས་བསྟར་འབུལ་གནང་རྒྱུ་རེད་འདུག༎
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་ཆོས་སྩོལ་བཞིན་པ།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org