༸གོང་ས་མཆོག་མི་རཊ་གྲོང་ཁྱེར་ནང་ཆིབས་བསྒྱུར་གནང་བ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་མི་རཊ་གྲོང་ཁྱེར་ནང་ཆིབས་བསྒྱུར་གནང་སྟེ་སློབ་གྲྭ་ཞིག་གི་ནང་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་འདུག
-
2017-10-15 -
-
-
Your browser doesn’t support HTML5 audio
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་བཞུགས་སྒར་རྡ་རམ་ས་ལ་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་སར་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་། སང་ཉིན་༸གོང་ས་མཆོག་རྒྱ་གར་བྱང་ཕྱོགས་Meeratགྲོང་ཁྱེར་ནང་ཆིབས་བསྒྱུར་གནང་སྟེ་ གྲོང་ཁྱེར་དེའི་ནང་ཡོད་པའི་སློབ་གྲྭ་ཞིག་ནང་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་འདུག
Meerat གྲོང་ཁྱེར་ནང་གི་ཉིན་གཅིག་གི་མཛད་འཆར་གྲུབ་རྗེས་ རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་སྟེ་ ཕྱི་ཚེས་༡༧རེས་གཟའ་མིག་མར་ཉིན་རྒྱ་གར་ཤར་ཕྱོགས་Manipur མངའ་སྡེའི་རྒྱལ་ས་Imphal དུ་ཆིབས་བསྒྱུར་གནང་སྟེ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ རྒྱལ་སྤྱིའི་ཞི་བདེ་འཆམ་མཐུན་ལྷན་ཚོགས་སུ་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག
ཡང་ཕྱི་ཟླ་༡༡ཚེས་༤ཉིན་རྒྱ་གར་གྱི་Hariyana མངའ་སྡེའི་Karnal གྲོང་ཁྱེར་ནང་ཡོད་པའི་Bhaktivedanta སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་པ་བཞིན་ བཞུགས་སྒར་རྡ་རམ་ས་ལའི་Government Collegeཞེས་པའི་མཐོ་སློབ་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ནང་ཚན་རིག་དང་། ཆོས་དེ་བཞིན་འཛམ་གླིང་ཞི་བདེའི་ལྷན་ཚོགས་སུ་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡང་ཡོད་འདུག ཞིབ་གསལ་སང་ཉིན་གི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་Meerut གྲོང་ཁྱེར་ནང་གི་མཛད་འཆར་སྐོར་འདི་གའི་རྒྱལ་ས་ལྡི་ལིའི་གསར་འགོད་པ་བསོད་ནམ་སྟོབས་རྒྱལ་ལགས་ཀྱི་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།།