༸གོང་ས་མཆོག་སླར་ཡར་རྟ་དབང་དུ་ཆིབས་བསྒྱུར་གནང་རྒྱུའི་དགོངས་བཞེས།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་རྗེས་མར་སླར་ཡང་རྟ་དབང་དུ་ཆིབས་བསྒྱུར་གྱིས་སྤྱོད་མཇུག་ཆེན་མོའི་བཀའ་ཁྲིད་སྩོལ་གནང་མཛད་རྒྱུའི་དགོངས་བཞེས་གནང་གི་ཡོད་སྐོར་བཀའ་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་རྗེས་མར་སླར་ཡང་རྟ་དབང་དུ་ཆིབས་བསྒྱུར་གྱིས་སྤྱོད་མཇུག་ཆེན་མོའི་བཀའ་ཁྲིད་སྩོལ་གནང་མཛད་རྒྱུའི་དགོངས་བཞེས་གནང་གི་ཡོད་སྐོར་བཀའ་གནང་འདུག དགའ་ལྡན་ཕོ་བྲང་གི་དྲ་གནས།

༄༅༎༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་རྗེས་མར་སླར་ཡང་རྟ་དབང་དུ་ཆིབས་བསྒྱུར་གྱིས་སྤྱོད་མཇུག་ཆེན་མོའི་བཀའ་ཁྲིད་སྩོལ་གནང་མཛད་རྒྱུའི་དགོངས་བཞེས་གནང་གི་ཡོད་པ་རྟ་དབང་གི་གནམ་ཐང་ནས་ཕེབས་ཐོན་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབུས་པའི་སྐྱ་སེར་དཔོན་རིགས་ཁག་གཅིག་ལ་བཀའ་གནང་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་མོན་རྟ་དབང་ཁུལ་གྱི་མཛད་འཆར་ཧ་ལས་པའི་ལམ་ལྷོང་དང་ལྡན་པ་ཞིག་བྱུང་བ་བཀའ་གནང་པ་དང་མི་དམངས་ཀྱི་དད་པ་དམ་ཚིག་ཧ་ལས་པ་ཆེན་པོ་ཡོད་པ་བཀའ་གནང་པ་དང་ཆབས་ཅིག། གཅིག་བྱས་ན་ལོ་རྗེས་མའི་སྟོན་དུས་མཚམས་སུ་སླར་ཡང་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་བཀའ་གནང་འདུག
ཉིན་ཤས་སྔོན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མོན་རྟ་དབང་ཁུལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་སྩོལ་གནང་གསོལ་འདེབས་ཞུས་ཡོད་ན་ཡང་། ཁ་སང་ཕྱི་ཚེས་ ༡༡ སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ངོ་ཐོག་ཉམས་སུ་ལེན་རྒྱུར་དུས་འཁོར་དབང་ཆེན་ལས་སྤྱོད་མཇུག་ཆེན་མོ་འཚམས་པ་ཡོད་པ་བཀའ་གནང་སྟེ། ལོ་རྗེས་མ་སླར་ཡང་མོན་ཁུལ་ཆིབས་བསྒྱུར་ཞབས་སོར་འགོད་རྒྱུའི་དགོངས་བཞེས་གནང་གི་ཡོད་པ་བཀའ་གནང་འདུག  
ཐེངས་འདིའི་ཆིབས་བསྒྱུར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཕེབས་དོན་སྙིང་པོ་ནི། མང་ཚོགས་ཀྱི་ངོས་ནས་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱེད་དེ་ཤེས་ནས་དད་པ་ཐོབ་པ་ཞིག་ངེས་པར་བྱེད་དགོས་པ་དེ་ཡིན་ཞིང་། མངའ་སྡེའི་གཞུང་དང་གཞུང་འབྲེལ་མི་ཡིན་པའི་ཚོགས་པ། དེ་བཞིན་དོན་གཉེར་ཅན་པ་ཚོས་ནང་ཆོས་སློབ་སྦྱོང་བྱེད་རྒྱུ་དང་། ལྷག་པར་དུ་བོད་སྐད་དང་བོད་ཡིག་གི་སློབ་སྦྱོང་གི་ཚད་གཞི་མཐོ་རུ་གཏོང་རྒྱུའི་ལས་དོན་ཐད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་ཨ་རུ་ཎཱ་ཅལ་མངའ་སྡེའི་གཞུང་གི་ཆོས་རིག་ལྷན་ཁང་གི་ཁྲི་པ་བྱམས་པ་དབང་འདུད་ལགས་ནས་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་གསུངས་ཡོད་པ་རེད།  
སྐལྡན་བློ་གྲོས།

 

 

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org