དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་མི་མང་ཚོའི་ཆེད་ཡིན།

༧གོང་ས་མཆོག་ལཱ་ཏི་ཝི་ཡར་ཕེབས་དོན་གཙོ་བོ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་མི་མང་ཚོར་ཆོས་འབྲེལ་ཆེད་ཡིན་པ་གསུངས་འདུག

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ལཱ་ཏི་ཝི་ཡའི་རྒྱལ་ས་རེ་གྷར་ཆོས་འབྲེལ་སྐྱོང་བཞིན་པའི་ཆོས་རའི་རྣམ་པ། ༢༠༡༤།༥།༥ པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་ད་ཐེངས་ལཱ་ཏི་ཝི་ཡར་ཕེབས་དོན་གཙོ་བོ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་མི་མང་ཚོར་ཆོས་འབྲེལ་ཆེད་ཡིན་པ་གསུངས་འདུག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་བལ་ཊིཀ་ཡུལ་གྲུ་ལཱ་ཏི་ཝི་ཡའི་རྒྱལ་ས་རེ་གྷའི་ནང་འཕགས་པ་ཤེས་རབ་ཀྱི་སྙིང་པོ་དང་། རྒྱལ་སྲས་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་ཡོད་པ་དང་། སྔ་དྲོའི་གསུང་ཆོས་དབུ་ཚུགས་མ་གནང་གོང་གསར་འགོད་ལྷན་ཚོགས་ཤིག་གོ་བསྒྲིགས་ཞུས་པའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལཱ་ཏི་ཝི་ཡའི་ནང་ད་ཐེངས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུའི་རྒྱུ་མཚན་གཙོ་བོ་ནི་ས་ཁུལ་དེ་དང་དེ་བཞིན་ཉེ་འབྲེལ་ཡུལ་གྲུ་ཨུ་རུ་སུ་སོགས་ནས་དོན་གཉེར་ཅན་མི་མང་པོ་ཞིག་རྒྱ་གར་དང་། དེ་མིན་གྱི་ས་གནས་ཁག་ཏུ་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པའི་ཐོག་ནས་བཅར་ཐུབ་ཀྱི་མེད་པ་ཁོང་ཚོའི་ཆེད་ཡིན་པ་གསལ་བཤད་གནང་ཡོད་པ་རེད། རྒྱལ་ནང་དང་རྒྱལ་སྤྱིའི་གསར་འགོད་པའི་འདུ་འཛོམས་དེའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ཀྱི་བཟང་པོའི་ཁྱད་ཆོས་དར་སྤེལ་གོང་མཐོར་གཏོང་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་སོགས་རླབས་ཆེན་གྱི་དགོངས་པ་ཁག་གསལ་བཤད་གནང་པ་དང་། གསར་འགོད་པ་ཚོར་ཡང་གནད་དོན་དེ་གཉིས་དར་སྤེལ་གཏོང་རྒྱུར་ལས་འགན་ཆེན་པོ་ཡོད་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད། ལཏ་ཝི་ཡའི་ནང་གི་ཉིན་གྲངས་གཉིས་རིང་གི་གསུང་ཆོས་རྗེས་དྲི་བ་དྲིས་ལན་གྱི་སྐབས་ལཱ་ཏི་ཝི་ཡ་དང་ཨུ་རུ་སུ་སོགས་ཙམ་མིན་པར་ཨེསི་ཏོ་ནི་ཡ་ལ་སོགས་ཡུལ་གྲུ་གཞན་གྱི་ནང་ཆོས་ཉམས་ལེན་བྱེད་མཁན་མང་པོ་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། སྐུ་ཁམས་བཟང་ཞིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུས་ཡོད་པ་རེད།

གསར་འགོད་པ་སྐལ་ལྡན་བློ་གྲོས།

5/5/2014

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལཱ་ཏི་ཝི་ཡའི་རྒྱ་ས་རེ་གྷར་དད་ལྡན་བཞི་སྟོང་ཙམ་ལ་ཤེས་རབ་སྙིང་པོ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་གནང་མཛད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡོ་རོབ་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

 

ཡིག་ཐོག་གསར་འགྱུར།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལཱ་ཏི་ཝི་ཡའི་རྒྱལ་ས་རེ་གྷར་ཞབས་སོར་བདེ་བར་འཁོད་ནས་མཛད་འཕྲིན་སྐྱོང་གནང་བཞིན་པ་རེད།
དེ་ཡང་སྤྱི་ཚེས་༤་ཉིན་༧གོང་ས་མཆོག་ལཱ་ཏི་ཝི་ཡའི་རྒྱལ་ས་རེ་གྷ་Rigaལ་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས། ཀལ་མི་ཀི་ཡའི་དབུ་བླ་ཏེ་ལོ་རིན་པོ་ཆེ་མཆོག་དང་། Save Tibet -Lativa ལཱ་ཏི་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོཊ་མི་དང་Save Tibet -Russiaཞེས་ཨུ་རུ་སུའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཌ་མི་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོཊ་ཐོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལཱ་ཏི་ཝི་ཡའི་རྒྱལ་ས་རི་གྷར་ཞབས་སོར་བདེ་བར་འཁོད་མ་ཐག་རྒྱལ་སྤྱིའི་གསར་འགོད་པ་ཚོས་ཕྱི་ཟླ་༥་ཚེས་༤་ཉིན་དེ་ནི་ལཱ་ཏི་ཝི་ཡ་རང་བཙན་ཐོབ་པའི་ཉིན་མོ་ཡིན་སྟབས་༧མགོན་པོ་གང་ཉིད་ཀྱི་དགོངས་ཚུལ་ཇི་ཡོད་བཅར་འདྲི་ཞུས་པར། ༧གོང་ས་མཆོག་གིས། དུས་རབས་༢༠་པའི་འགོ་སྟོད་ནས་མཇུག་གི་བར་དུ་བཟང་ཕྱོཊ་ཀྱི་འགྱུར་བ་ཤུཊ་ཆེན་པོ་ཕྱིན་པ་དེར་དངོས་གནས་སེམས་ནང་དགའ་སྤོབས་སྐྱེས་བཞིན་འདུག་ཅེས་དང་། ཡང་ཕྱི་ལོ་༡༩༩༦་ལོར་དབྱིན་ཇིའི་རྒྱལ་མོའི་ཡུམ་དང་མཇལ་སྐབས་ཁོང་དགུང་གྲངས་༩༦་ལ་ཕེབས་ཡོད་སྟབས་ཁོང་གི་སྐུ་ཚེའི་རིང་དུས་རབས་༢༠་གནས་སྟངས་ཆ་ཚང་ཉམས་མྱོང་བསཊ་པ་ལྟ་བུ་ཆཊ་པར་བརྟེན་ད་ལྟའི་འཛམ་གླིང་གི་གནས་སྟངས་དེ་སྔ་དང་གཅིག་མཚུངས་ཡིན་ནམ་ཡང་ན་དེ་སྔ་ལས་བཟང་བའི་འགྱུར་ལྡོག་གང་བྱུང་ཡོད་དམ་ཞེས་བཀའ་འདྲི་ཞུ་སྐབས། ཐེ་ཚོམ་མེད་པར་འཛམ་གླིང་གི་གནས་སྟངས་དེ་སྔ་དང་བསྡུར་པ་ཡིན་ན་བཟང་དུ་ཕྱིན་སྐོར་དང་། ཁོང་ཆུང་དུས་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོཊ་མེད་ཀྱང་དེང་སྐབས་གནད་དོན་དེ་དག་འཛམ་གླིང་ཁྱོན་ཡོངས་ལ་ཡོངས་གྲཊ་རེད་ཅེས་དང་། དེང་སྐབས་འཛམ་གླིང་གི་ས་ཕྱོཊ་མང་པོར་རང་དབང་ཆེ་རུ་ཕྱིན་ཡོད་ཅེས་གསུང་གླེང་བྱུང་ཚུལ་སོགས་བཀའ་ལན་བསྩལ་མཛད་འདུག  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཚེས༥དང་༦་ཉིན་གྲངས་གཉིས་རིང་ལཱ་ཏི་ཝི་ཡའི་རྒྱལ་ས་རེ་གྷའི་ནང་དད་ལྡན་མང་ཚོཊ་ལ་ཤེས་རབ་སྙིང་པོ་དང་། རྒྱལ་སྲས་ལག་ལེན་སོ་བདུན་མའི་སྐོར་གསུང་ཆོས་བཀྲིན་སྩལ་བཞིན་པ་རེད།
གསར་འགོད་པ་བསོད་ནམ་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org