ཐུགས་གསོའི་གསུང་འཕྲིན་བསྩལ་བ།
རྒྱ་གར་ནང་ཆུ་ལོག་དང་ས་རུད་ཀྱི་རང་བྱུང་གནོད་འཚེ་ཚབས་ཆེན་བྱུང་བ་དེར་༸གོང་ས་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ་བ།
-
2013-06-25 -
-
-
རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུ་ཏར་ཁནྜ་ནང་ཆར་ཞོད་ཆེན་པོ་བབས་པའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་ཀྱི་རང་བྱུང་གནོད་འཚེ་ཚབས་ཆེན་བྱུང་བ།
ཨེ་ཨེཕ་པི།
༄༅༎རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུ་ཏར་ཁནྜ་ནང་ཆར་ཞོད་ཆེན་པོ་བབས་པའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་ཀྱི་རང་བྱུང་གནོད་འཚེ་ཚབས་ཆེན་བྱུང་བ་དེར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་༢༤ ཉིན་རྒྱ་གར་སྲིད་བློན་མན་མོ་ཧན་སིངྒ་མཆོག་དང་། ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་ཕོག་ཡུལ་མངའ་སྡེའི་བློན་ཆེན་རྣམ་གཉིས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྕལ་ཡོད་པ་མ་ཟད། མངའ་སྡེ་དེའི་རང་བྱུང་གོད་ཆགས་ནང་དུ་རྐྱེན་འདས་སུ་ཕྱིན་པ་ཚོར་སྨོན་ལམ་དང། ཤུལ་ལུས་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་བསྐྱེད་དང་། དེ་བཞིན་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཉིས་ཀྱི་ངལ་སེལ་རོགས་སྐྱོར་ཚོགས་ཆུང་ལ་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས་བཀའ་གནང་ཡོད་པ་རེད། ད་ལྟའི་བར་རྒྱ་གར་གྱི་ཨུ་ཏར་ཁནྜ་མངའ་སྡེའི་ནང་ཆུ་ལོག་དང་ས་རུད་ཀྱི་རང་བྱུང་གནོད་འཚེའི་ཁྲོད་མི་གྲངས་དྲུག་བརྒྱ་ལྷག་གི་ཚེ་སྲོག་ཤོར་འདུག།