ལམ་རིམ་གསུང་ཆོས་ལེགས་གྲུབ།

༸གོང་ས་མཆོག་ནས་སེ་རར་གནང་བའི་གསུང་ཆོས་དང་མཛད་རིམ་ཁག་ལེགས་པར་གྲུབ་སྟེ་གྲོང་ཁྱེར་བེང་ལོར་ཆིབས་བསྒྱུར།

༸གོང་ས་མཆོག་ནས་སེ་རར་གནང་བའི་གསུང་ཆོས་དང་མཛད་རིམ་ཁག་ལེགས་པར་གྲུབ་སྟེ་གྲོང་ཁྱེར་བེང་ལོར་ཆིབས་བསྒྱུར་གནང་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པདྨ་དངོས་གྲུབ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སེ་རར་གནང་བའི་གསུང་ཆོས་དང་མཛད་རིམ་ཁག་ལེགས་པར་གྲུབ་སྟེ་གྲོང་ཁྱེར་བེང་ལོར་ཆིབས་གྱུར་གནང་འདུག
༸གོང་ས་མཆོག་ནས་༢༠༡༢ ལོར་དབུ་འཛུགས་གནང་བའི་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་གསུང་ཆོས་ཀྱི་འཕྲོས་དེ་ཁ་སང་ཕྱི་ཚེས་༣་བར་ཉིན་བཅུ་རིང་སེ་ར་ཆོས་སྒར་དུ་གནང་བ་དང༌། ད་ལོའི་གསུང་ཆོས་མཇུལ་སྒྲིལ་བའི་ཉིན། ད་ལོའི་གསུང་ཆོས་ཀྱི་འཕྲོས་དེ་ལོ་རྗེས་མ་གནང་རྒྱུ་ཡིན་ཀྱང་། གང་དུ་གནང་མིན་ད་ལྟ་ཐག་ཆོད་མེད་ལུགས་གསུངས་འདུག
༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སེ་རའི་བྱང་ཆུབ་ལམ་རིམ་གསུང་ཆོས་ལེགས་པར་སྒྲུབ་སྟེ་ཕྱི་ཚེས་༤་ཉིན་གྲོང་ཁྱེར་སྦེང་ལོར་ཆིབས་སྒྱུར་གནང་ཡོད་པ་དང༌། ཕྱི་ཚེས་༥ དང་༦ སོ་སོར་ཁུལ་དེར་ཡོད་པའི་གཙུག་ལག་སློབ་གྲྭ་ཁག་འགའ་ཞིག་གིས་གདན་ཞུས་ལྟར་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡོད་འདུག།

གསར་འགོད་པ་བློ་བཟང་ཤེས་རབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org