འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནས་༧གོང་ས་མཆོག་གི་གྱ་སྟོན་སྲུང་བརྩི།

བཞུགས་སྒར་རྡ་རམ་སཱ་ལ་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་ཚོས་སྣེ་ཁྲིད་ནས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་གནང་བ།

ཐེ་ཝན་ལ་གྱ་སྟོན་སྲུང་བརྩི་གནང་སྐབས། ༢༠༡༥།༦།༢༢ tibet.net

བཞུགས་སྒར་རྡ་རམ་སཱ་ལ་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་ཚོས་སྣེ་ཁྲིད་ནས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་གནང་བ།
དེ་ཡང་གནས་ཚུལ་ལྟར་ན། བཞུགས་སྒར་རྡ་རམ་སཱ་ལ་གཙོས་ཨ་མི་རི་ཀ་དང་། ཨོ་ཡོབ། སོག་ཡུལ། ཐེ་ཝན་སོགས་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་ཚོས་སྣེ་ཁྲིད་བྱེད་སྒོ་འདྲ་མིན་སྤེལ་ནས་༧གོང་ས་མཆོག་གི་༧སྐུའི་གྱ་སྟོན་སྲུང་བརྩི་གནང་ཡོད་པ་དང་།  ཚེས་༢༢ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱིས་གོ་བསྒྲིགས་གནང་བའི་གྱ་སྟོན་དང་འབྲེལ་བའི་རོལ་དབྱངས་འདུ་འཛོམས་ཞིག་གི་སར་མི་གྲངས་༣༥༠༠་ཙམ་མཉམ་ཞུགས་གནང་ཡོད་ཅིང་། རོལ་དབྱངས་ཀྱི་འདུ་འཛོམས་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་དྲ་ལམ་བརྒྱུད་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། དགའ་ལྡར་ཤར་རྩེའི་ཆོས་ཚོགས་ཀྱིས་ཐེ་པེ་གྲོང་ཁྱེར་གཞུང་ལ་མྱུར་སྐྱོབ་སྣུམ་འཁོར་གཅིག་གི་ལྡེ་མིག་༧གོང་ས་མཆོག་གི་ཕྱག་ནས་ཕུལ་བའི་རྣམ་པའི་ཐོག་ཐེ་པེ་གྲོང་ཁྱེར་ལ་ཞལ་འདེབས་ཕུལ་ཡོད་པ་རེད་འདུག
དེ་མིན་ཐེ་པེ་ནང་དུ་བོད་རང་བཙན་ཆེད་སློབ་ཕྲུག་རྣམས་ཀྱིས་རྩོམ་རིག་སྒྱུ་རྩལ་དང་། སྙན་ངག ལྷུག་རྩོམ་གྱི་འགྲན་བསྡུར་ནང་ཐེ་ཝན་ཙམ་དུ་མ་ཟད། རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པའི་སློབ་ཕྲུག་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། འགྲན་བསྡུར་གྱི་གྲུབ་འབྲས་རྩེར་སོན་རྣམས་ལ་བྱ་དགའ་ཁག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཕུལ་འདུག ༢༠༡༥ ཟླ་༦ཚེས་ ༡༤ཉིན་ཨ་མི་རི་ཀའི་རྒྱལ་སར་ཤིང་བཟའ་རིན་པོ་ཆེ་དབུ་བཞུགས་ཐོག་བོད་མི་མཉམ་འཛོམས་ཀྱིས་གྱ་སྟོན་སྲུང་བརྩི་གནང་ཡོད་པ་དང་། དེ་བཞིན་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨི་ལི་སི་ཏའི་ནང་Elistaསྤྱི་ནོར་༧གོང་ས་མཆོག་དགུང་གྲངས་༨༠བཞེས་པའི་གྱ་སྟོན་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྲུང་བརྩི་ཞུ་ཆེད་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་འདུག་པ་དང་། སྐབས་དེར་མི་གྲངས་༡༠༠༠བརྒལ་བས་མཉམ་ཞུགས་གནང་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org