གུ་རུ་ཀུལ་ཤེས་ཡོན་ལས་འཆར།

རྒྱ་གར་གྱི་མཐོ་རིམ་འགྲིམས་བཞིན་པའི་སློབ་མ་༣༠ ལྷག་བཞུགས་སྒར་ཁུལ་དུ་ཕེབས་ནས་བཙན་བྱོལ་སྤྱི་ཚོགས་ལ་གཟིགས་ཞིབ།

སྲིད་སྐྱོང་མཆོག་ནས་རྒྱ་གར་བར་གསུང་བཤད་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །བོད་ཀྱི་ཆོས་དང་རིག་གཞུང། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཤེས་རྟོགས་ཡོང་སླད་དུ་རྒྱ་གར་གྱི་མཐོ་རིམ་འགྲིམས་བཞིན་པའི་སློབ་མ་༣༠ ལྷག་བཞུགས་སྒར་ཁུལ་དུ་སླེབས་པ་ཚོར་དེ་རིང་ཕྱི་ཟླ་དྲུག་པའི་ཚེས་༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང། རྒྱ་གར་བཙན་བྱོལ་ནང་གི་བོད་མིའི་གཞིས་ཆགས་ཁག    དགོན་སྡེ་གྲྭ་ཚང། སྐུ་ཚབ་དོན་གཅོད་ཁང་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།    རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ནས་ལོ་ལྟར་བཞིན་གུ་རུ་ཀུལ་ཤེས་ཡོན་ལས་དོན་འཆར་གཞི་ཞེས་པ་ཞིག་གོ་སྒྲིག་ཞུ་ཡི་ཡོད་པ་ལྟར། འདི་ལོའི་ལས་དོན་དེའི་ནང་བཞུགས་མཁན་སློབ་མ་རྣམས་ཟླ་བ་གཅིག་རིང་བཞུགས་སྒར་དུ་གནས་སྡོད་བྱས་ཏེ།    བོད་མིའི་ཆོས་དང་རིག་གཞུང།་སྤྱི་ཚོགས་ཀྱི་གནས་སྟངས་སོགས་རྒྱུས་ལོན་བྱ་རྒྱུ་ཡིན་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org