གུའུ་གལ་དྲ་རྒྱས་རྒྱ་ནག་ཏུ་ལས་དོན་མུ་མཐུད་རྒྱུའི་གསལ་བསྒྲཌ།

ཨ་རིའི་དྲ་རྒྱའི་ཁེ་གཉེར་ལས་ཁང་གུའུ་གལ་གྱིས་རྒྱ་ནག་ཏུ་ཚོང་འབྲེལ་ལས་དོན་དེ་རྣམ་ཀུན་བཞིན་མུ་མཐུད་རྒྱུའི་གསལ་བསྒྲགས་བྱས་འདུག

༄༅༎བདུན་སྔོན་མ་དེར་ཨ་རིའི་དྲ་རྒྱའི་ཁེ་གཉེར་ལས་ཁང་གུའུ་གལ་(Google)ཡིས་རྒྱ་ནག་ནང་ཚོང་འབྲེལ་ལས་དོན་མཚམས་འཇོག་བྱེད་རྒྱུའི་ཉེན་བརྡ་བཏང་ཡང་ད་ཆ་ཡུལ་དེའི་ནང་ཚོང་འབྲེལ་ལས་དོན་དེ་རྣམ་ཀུན་བཞིན་མུ་མཐུད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་          ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གིས་གུའུ་གལ་(Google)དྲ་རྒྱར་རྒྱ་ནག་ནང་ལས་དོན་བྱེད་ཕྱོགས་སྐོར་འདྲི་རྩད་གནང་སྐབས་དྲ་རྒྱའི་ལས་ཁང་དེས་ཁ་སྔོན་རྒྱ་ནག་ནང་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་དེ་བྱེད་སྐབས་དྲ་རྒྱའི་འཕྲུལ་ཆས་ཁག་ལས་ཀ་བྱེད་ཀྱི་ཡོད་མེད་བརྟག་དཔྱད་ཆེད་ཉིན་དེར་ལས་བྱེད་པ་རྣམས་ལ་གུང་སེང་སྤྲད་ཡོད་སྐོར་དང་ད་ཆ་ལས་བྱེད་རྣམས་ལས་བཅར་ཞུས་ཡོད་པ་དང་རྣམ་ཀུན་བཞིན་ལས་ཀ་བྱེད་ཀྱི་ཡོད་ཅེས་དྲ་རྒྱའི་ལས་ཁང་དེས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་ལན་འདེབས་བྱས་ཡོད་པ་རེད་           བདུན་སྔོན་མ་དེར་རྒྱ་ནག་གི་པེ་ཅིང་གསར་འགྱུར་(Beijing News)ཞེས་པའི་གསར་ཤོག་གིས་གོང་གསལ་དྲ་རྒྱའི་ལས་ཁང་དེས་ལས་བྱེད་པ་རྣམས་ལས་ཀ་བྱེད་རྒྱུར་བཀག་འགོག་བྱས་ཡོད་པའི་གནས་ཚུལ་བཏོན་ཡོད་པ་མ་ཟད་(The National Business Daily) ཞེས་པའི་གསར་ཤོག་དེས་ཀྱང་དྲ་རྒྱ་དེའི་པེ་ཅིང་གི་ལས་བྱེད་པ་ཁག་ཅིག་ཧོང་ཀོང་ལ་གནས་སྤོས་བྱས་ཡོད་པ་དང་ལས་བྱེད་པ་གཞན་ཁག་ཅིག་ལས་མེད་ཀྱི་གནས་སྟངས་ནང་བཞག་ཡོད་པའི་གནས་ཚུལ་བཏོན་ཡོད་པ་རེད་

བདུན་སྔོན་མ་དེར་དྲ་རྒྱའི་ལས་ཁང་དེས་རྒྱ་ནག་གི་དལྟའི་དམ་བསྒྲགས་ཆེན་པོ་དེ་ལྟ་བུའི་འོག་མུ་མཐུད་ལས་ཀ་བྱེད་རྒྱུ་སྤྲོད་འབྲལ་གྱི་གནས་སྟངས་ཤིག་ཆགས་ཡོད་སྐོར་གླེང་ཡང་ད་ཆ་རྒྱ་ནག་གུང་གཞུང་དང་མུ་མཐུད་གླེང་མོལ་གནང་གི་ཡོད་པའི་གཏམ་བཤད་བྱས་ཡོད་པ་རེད་།         

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org