བོད་ཀྱི་ལོ་རྒྱུས་ཐོག་དགེ་བཤེས་མའི་སྔགས་ཀྱི་ཕྱག་ཁྱེར་ཐེངས་དང་པོ།
དགེ་བཤེས་མ་སྔགས་ཕྱོགས་ཀྱི་སློབ་གཉེར་རྒྱུགས་སྤྲོད་རྗེས་ལོ་རྒྱུས་ཐོག་དགེ་བཤེས་མའི་སྔགས་ཀྱི་ཕྱག་ཁྱེར་ཐེངས་དང་པོ་ཕུལ་ཡོད་འདུག
-
2019-02-01 -
-
-
Your browser doesn’t support HTML5 audio
དགེ་བཤེས་མ་སྔགས་ཕྱོགས་ཀྱི་སློབ་གཉེར་རྒྱུགས་སྤྲོད་རྗེསལོ་རྒྱུས་ཐོག་དགེ་བཤེས་མའི་སྔགས་ཀྱི་ཕྱག་ཁྱེར་ཐེངས་དང་པོ་ཕུལ་ཡོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་ཡང་དུ་བཀའ་སློབ་ལམ་སྟོན་ཕེབས་འབྲས་སུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བཙུན་མ་ཚོས་ཀྱང་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་དབུ་འཛུགས་ཀྱིས། བར་ལམ་ནས་སྔར་མ་གྲགས་པའི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ནང་རྒྱུགས་སྤྲོད་ཀྱི་ལམ་སྲོལ་བརྒྱུད། གཞུང་ཆེན་བཀའ་པོད་ལྔ་ལ་བསླབ་པ་མཐར་སོན་གྱི་དགེ་བཤེས་མ་བཅུ་ཞིག་ཕྱི་ལོ་ ༢༠༡༦ ལོར་ཐོན་སྟེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་ཁོང་ཚོར་ཕྱག་འཁྱེར་སྩལ་སོན་བྱུང་ཡོད་པ་རེད། གདན་ས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་དགེ་བཤེས་ཐོན་པའི་རྗེས་སྔགས་ལ་སློབ་གཉེར་གནང་བའི་སྲོལ་ལུགས་ཡོད་པ་ལྟར། བཙུན་མའི་དགེ་བཤེས་མ་རྣམ་པས་ཀྱང་སྔགས་ཕྱོགས་ལ་སློབ་གཉེར་གནང་ནས། ཉེ་ཆར་་བཞུགས་སྒར་དུ་རྟེན་གཞི་བྱེད་པ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ། གསང་བ་འདུས་པ་དང་འཇིགས་བྱེད་སོགས་སྔགས་ཀྱི་གཞུང་ཆེན་ཁག་གི་རྒྱུགས་སྤྲོད་གནང་པའི་རྗེས། ལོ་རྒྱུས་ཐོག་དགེ་བཤེས་མ་ ༢༡ ལ་ཕྱི་ཟླ་ ༢ པའི་ཚེས་༡ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་ཕྱག་འཁྱེར་གནང་ཡོད་པ་རེད།
བཙུན་མའི་ལས་འཆར་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་རྒྱུགས་སྤྲོད་འདི་ནི་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྐད་ཆ་མིན་པར། འགྲོ་བ་མིའི་ནུས་སྟོབས་སྤེལ་བའི་མཚོན་ཆེད་ལྷག་པར་བ་ཞིག་ཡིན་པ་གསུངས་འདུག
དགེ་བཤེས་མའི་སྔགས་ཀྱི་རྒྱུགས་སྤྲོད་དུ་ཨང་རིམ་དང་པོར་སོན་པ་བཙུན་མ་རྣམ་གྲོལ་ཕུན་ཚོགས་ཀྱིས། བཙུན་མ་ཚོར་དགེ་བཤེས་མ་སྔགས་རམས་འཐོན་པའི་ལག་ཁྱེར་རག་པ་ནི་སོ་སོའི་རེ་བ་དང་། བཙུན་མ་ཐམས་ཅད་ཀྱི་ལམ་ཁ་བརྟན་པོ་ཆགས་པ་དང་། སོ་སོ་སྒེར་ངོས་ནས་དགའ་ཚོར་ཆེ་ཤོས་ཤིག་དང་རྨི་ལམ་ཙམ་ལའང་བཏང་མྱོང་མེད་པ། གྲུབ་འབྲས་བཟང་པོ་ཞིག་སྨིན་སོང་བ་ངོ་སྤྲོད་གནང་གི་འདུག
འདས་པའི་ལོ་གཉིས་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གྱིས་དགེ་བཤེས་མ་ཐོན་མཁན་༢༦བྱུང་ཡོད་པ་རེད།