ཇརྨ་ནིས་ཅན་ཏིན་ཡོང་ལ་ཁྲིམས་ཐག་དྲང་བདེན་ཡོང་ཐབས་མེད་ལུགས་བརྗོད་པ།
ཇརྨ་ནིས་རྒྱ་ནག་གི་ཐོབ་ཐང་དོན་གཉེར་བ་ ཅན་ ཏིན་ཡོང་ ལ་ཁྲིམས་ཐག་དྲང་བདེན་ཐག་གཅོད་ཡོང་ཐབས་མེད་ལུགས་བརྗོད་ཡོད་འདུག
-
2017-08-25 -
-
-
༄༅༎ ཇརྨེ་ཎི་(Germany) ཡིས་སྲིད་གཞུང་མགོ་རྟིང་སློག་རྒྱུའི་ནག་ཉེས་ངོས་ལེན་བྱེད་མཁན་རྒྱ་ནག་གི་ཐོབ་ཐང་དོན་གཉེར་བ་ ཅན་ ཏིན་ཡོང་(Jiang Tianyong) ལ་ཁྲིམས་ཐག་དྲང་བདེན་ཐག་གཅོད་ཡོང་ཐབས་མེད་ལུགས་
བརྗོད་ཡོད་འདུག རང་ལོ་༤༦ལ་སླེབས་པའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ ཅང་ ཏིན་ཡོང་གིས་དེ་སྔ་ཕྱི་རྒྱལ་དུ་ཟབ་སྦྱོང་ལ་འགྲོ་སྐབས། རྒྱ་ནག་གི་སྲིད་གཞུང་མགོ་རྟིང་སློག་རྒྱུར་སེམས་འགུལ་ཐེབས་ཡོད་པ་ངོས་ལེན་བྱས་པའི་བརྙན་འཕྲིན་ཞིག་ཁྲིམས་ཁང་གིས་འགྲེལ་བརྗོད་བྱས་ཡོད་འདུག དོ་བདག་གི་བཟའ་ཟླས་ཁྲིམས་ཁང་གིས་ཅང་ཏིན་ཡོང་ལ་ནག་ཉེས་ངོས་ལེན་དགོས་པའི་བཙན་
དབང་བཏང་བ་བརྗོད་ཡོད་འདུག དེའི་དབར་ལ་ཇརྨེ་ཎིའི་རྒྱ་ནག་ནང་གི་གཞུང་ཚབ་ མའེ་ཁེལ་ ཁོ་ལོ་སེ་(Michael Cluass) ཡིས། ཁྲིམས་ཁང་གིས་ ཅན་ ཏིང་ཡོང་ལ་སོ་སོའི་འདོད་པ་ཡོད་པའི་ཁྲིམས་རྩོད་པ་བདམས་མ་བཅུག་པར་དོ་བདག་གིས་ཁྲིམས་ཁང་ནང་ནག་ཉེས་ངོས་ལེན་བྱས་པའི་བརྙན་འཕྲིན་སྟོན་པ་དེ་ཚུལ་མཐུན་མིན་ལུགས་སྐྱོན་བརྗོད་དང་སྦྲགས་ཇརྨེ་ཎིའི་་གཞུང་གིས་སྔ་ལོ་ཕྱི་ཟླ་བཅུ་གཅིག་ནས་བཟུང་ཅང་ཏིང་ཡོང་གི་གྱོད་གཞི་གླེང་སློང་གནང་ཡོད་ལུཌ་གསུངས་གནང་འདུག ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་གཞུང་ཚབ་
དཔོན་རིགས་ཚོས་རྒྱ་ནག་གི་ཐོབ་ཐང་དོན་གཉེར་བ་དང་དེ་དག་གི་ཁྲིམས་རྩོད་པ་དང་འབྲེལ་བ་གནང་སྲོལ་ཡོད་ཀྱང་ཁྱབ་བསྒྲགས་གནང་མི་དགོས་པ་གཙོན་འདོན་གནང་གི་ཡོད་རེད། འོན་ཀྱང་ད་ཆ་ ཇརྨེ་ཎིས་ ཅང་ཏིན་ཡོང་གི་གྱོད་གཞིར་ཐེར་བཏོན་བྱས་པ་དེར་རྒྱ་ནག་གི་ཕྱི་སྲིད་ལས་ཁུང་ནས་ད་བར་གསལ་བཤད་གང་ཡང་བྱས་མེད་པ་རེད། ཕྱི་ལོ་༢༠༠༩ལོར་ཁྲིམ་རྩོད་པའི་གོ་གནས་མ་འཕྲོག་བར་ ཅང་ཏིང་ཡོང་གིས་ཕ་ལུངྒོང་ཉམས་ལེན་པ་དང་བོད་མི་འཐབ་རྩོད་པ་སོགས་རྣོ་ངར་ཅན་གྱི་གྱོད་གཞི་དང་ལེན་བྱས་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༡༦ལོའི་ཕྱི་ཟླ་༡༡ནང་འཛིན་བཟུང་བྱས་པའི་ཁྲིམས་རྩོད་པ་ ཞི་ཡང་(Xie Yang)ཐུགས་འཕྲད་དུ་ཕྱིན་ནས་ཕྱིར་ལོག་སྐབས་གར་སོང་ཆ་མེད་དུ་གྱུར་པ་རེད༎
གསར་འགོད་པ་ཀརྨ་རྒྱ་མཚོ།