འཇར་མེ་ནིའི་སྲིད་འཛིན་ནས་༸གོང་ས་མཆོག་མཇལ་རྒྱུ་མིན་པ།

ཇཱར་མེ་ཎིའི་སྲིད་འཛིན་ཧོརཝེཊེ་ཀོའེ་ལར་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག

༄༅༎ཇཱར་མེ་ཎིའི་སྲིད་འཛིན་ ཧོརཝེཊེ་ ཀོའེ་ལར་ མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག

ཉིན་ཤས་གོང་ཇཱར་མེ་ཎིའི་ཕྱི་སྲིད་བློན་ཆེན་ ཕེརེང་ཝལཊར་ སེཊེའེ་མའེར་ གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མི་གནང་རྒྱུའི་ཐག་གཅོད་གནང་བའི་རྗེས་སུ་སྲིད་འཛིན་མཆོག་ཀྱང་མཇལ་འཕྲད་གྱི་རྐྱེན་པས་༧གོང་ས་མཆོག་མཇལ་འཕྲད་གནང་རྒྱུ་མིན་ལུགས་རེས་གཟའ་ཉི་མའི་ཉིན་ བཱིལཊི་ཨེམ་ སོནཏེཁ་ ཞེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་ཡོད་འདུག ཕྱི་སྲིད་བློན་ཆེན་གྱིས་སྔ་ལོ་ཕྱི་ཟླ་དགུ་པའི་ནང་བཱར་ལིན་ནང་སྲིད་བློན་ ཨན་ཇེ་ལ་ མར་ཀེལ་ མཆོག་གིས་༧གོང་ས་མཆོག་མཇལ་འཕྲད་གནང་བ་མོས་མཐུན་གནང་མེད་པ་དང་མཇལ་འཕྲད་དེའི་རྗེས་སུ་རྒྱ་ནག་དང་ཇཱར་མེ་ཎིའི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་རེད་ ༧གོང་ས་མཆོག་བདུན་ཕྲག་རྗེས་མ་བསྐྱར་དུ་ཉིན་བཞིའི་རིང་བཱར་ལིན་གཙོས་པའི་ས་ཁུལ་ཁ་སཱ་ནང་ཞབས་སོར་འཁོད་སྐབས་ཉིན་མཐའ་མའི་ཉིན་ཇཱར་མེ་ཎིའི་རྒྱལ་སར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བཱརེན་ཌེག་སྦག་རྒྱལ་སྒོ་ཞེས་པར་གསུང་བཤད་དང་ ཇཱར་མེ་ཎིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ ནོར་བཱརཊེ་ མཱརཊེ་ དང་མཇལ་འཕྲད་གནང་ནས་ཕྱི་སྲིད་དང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚོགས་ཆུང་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག སྲིད་བློན་ཨནཇེ་ལ་མར་ཀེལ་མཆོག་སྐབས་དེར་ལེཊིན་ཨ་མི་རི་ཀའི་ནང་གཟིགས་སྐོར་དུ་ཕེབས་ཀྱི་ཡོད་སྟབས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་གི་མེད་པ་རེད་ ཕྱི་སྲིད་བློན་ཆེན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྩིས་མེད་པ་དེས་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གལ་ཆེར་ངོས་འཛིན་གནངན་གི་མེད་པའི་རྣམ་པ་ཡིན་པར་རྒྱ་ནག་གིས་ངོས་འཛིན་གནང་རྒྱུར་ཐེ་ཚོམ་མེད་པ་དང་ ལྷག་པར་དུ་བར་ལམ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་འབྲེལ་ལམ་བསྐྱར་གསོ་གནང་བའི་སྐབས་འདིར་༧གོང་ས་མཆོག་གཡོལ་ཐབས་གནང་བ་དེ་ནི་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད་ཅེས་ ས་ཁིརེ་ཤེན་ཌེ་མོ་ཁེརེ་ཙེ་ ཞེས་པའི་ཚོགས་པའི་དབུ་ཁྲིད་དང་ ཧེ་སེ་ཡིས་སྲིད་བློན་ རོ་ལན་ཌི་ཀོག གཙོས་པའི་དཔོན་རིགས་མང་པོ་དང་ཡོ་རོབ་ནང་༧གོང་ས་མཆོག་གི་སྐུ་ཚབ་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་བཅས་ཀྱིས་སྐྱོན་བརྗོད་གནང་འདུག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org