ཨ་རིའི་གཞུང་ཚབ་པ་བོད་དུ་ཕེབས་པར་བསྔགས་བརྗོད།

རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་བོད་ནང་ཕེབས་ནས་བོད་མི་དང་ཐུག་འཕྲད་གནང་བ་དེ། ཨ་རི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གལ་ཆེར་འཛིན་ཡོད་པའི་མཚོན་རྟཌ་ཡིན་པར་བསྔཌ་བརྗོད་གནང་།

༄༅།    །ཨ་རིའི་སྙན་གྲགས་ཅན་གྱི་ཚགས་ཤོག་The wall Street journal ཞེས་པའི་ཐོག  ད་རེས་ཕྱི་ཟླ་དགུ་པའི་ནང་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་Gary Locke བོད་མདོ་སྨད་ཨ་མདོ་ཁུལ་དུ་ཕེབས་ནས་ས་གནས་བོད་མི་ཚོ་དང་ཐུག་འཕྲད་གནང་ཡོད་པ་དེ་ནི།    ཨ་རི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གལ་ཆེར་འཛིན་ཡོད་པའི་མཚོན་རྟགས་ཡིན་པར་བསྔགས་བརྗོད་གནང་ཡོད་པ་རེད།    The wall street Journal ཚགས་ཤོག་གི་གསར་འགོད་པ་Mary Kieesl ནས་དེའི་སྐོར་ཆེད་རྩོམ་ཞིག་སྤེལ་ཡོད་པའི་ནང་། གསར་འགྱུར་བརྒྱུད་ལམ་ཁག་གིས་ཟླ་བ་སྔོན་མ་ཨ་རི་བ་བཞི་Benhazi ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བཏང་ནས་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཧ་ཅང་མང་པོ་སྤེལ་ཡོད་ཀྱང་།  དེ་མཚུངས་ཀྱི་གལ་འགངས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེའི་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བོད་ཀྱི་ས་ཁུལ་ནང་།    ཨ་རིའི་གཞུང་ཚབ་འཚམས་གཟིགས་སུ་ཕེབས་པའི་གནས་ཚུལ་འཁོད་པ་ཉུང་ཉུང་ཡིན་པ་གསལ་སྟོན་གནང་ཡོད་པ་རེད།


རྩོམ་ཡིག་དེའི་ནང་ད་དུང་།  ཕྱི་ལོ་༢༠༠༩ནས་བཟུང་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་རང་ལུས་མེར་སྲེག་གཏོང་བའི་གནས་ཚུལ་བྱུང་བ་ནས་བཟུང་།  རྒྱ་ནག་གཞུང་གིས་བོད་མི་གནས་ཡུལ་བོད་ཀྱི་ས་ཁུལ་ཚང་མའི་ནང་དམ་བསྒྲགས་བཀག་སྡོམ་བྱ་རྒྱུ་དེ་བས་ཛ་དྲག་ཏུ་བཏང་ཡོད་པ་དང་།  ད་རེས་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་Gary Locke བོད་མདོ་སྨད་རྔ་པ་ཁུལ་གྱི་དགོན་སྡེ་ཁག་གཉིས་ཙམ་དུ་ཕེབས་པ་དང་། དེ་བཞིན་ས་གནས་མང་ཚོགས་ཁག་ཅིག་དང་ཐུག་འཕྲད་གནང་བ་སོགས་ཀྱི་ཐོག་ནས།  བོད་ནང་གི་བོད་མི་ཚོར་ཕྱི་ཕྱོགས་ནས་ཁོང་ཚོར་ཐུགས་ཁུར་ཡོད་པའི་རྣམ་པ་ཞིག་བཏོན་ཡོད་པ་རེད།    ཨ་རིའི་གཞུང་ཚབ་པ་སྔ་རྗེས་སུ་བོད་ཀྱི་ས་ཁུལ་དུ་ཕེབས་ཐུབ་པ་དེས། ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རིམ་གྱི་རང་དབང་གལ་ཆེར་འཛིན་གྱི་ཡོད་པ་གསལ་སྟོན་གནང་བས་མ་ཟད།  རྒྱལ་ཁབ་གཞན་ཁག་གིས་དེ་དེ་བཞིན་བྱ་རྒྱུའི་མིག་དཔེ་བསྟན་པ་ནི།    བསྔགས་འོས་སུ་གྱུར་འདུག་ཅེས་འཁོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org