ཧྥ་རན་སའི་གྲོས་ཚོགས་འཐུས་མི་ཁག་ཅིག་བོད་མིའི་སྒྲིག་འཛུགས་གཙོས་བོད་མིའི་སྤྱི་ཚོགས་སུ་རྒྱུས་ལོན་ཆེད་བཞུགས་སྒར་དུ་ཆེད་ཕེབས་གནང་འདུག

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་གཉིས་ནས་གྲོས་ཚོགས་འཐུས་མི་ཚོར་ཕེབས་བསུ་དང་། བཙན་བྱོལ་སྤྱི་ཚོགས་ནང་བོད་མིའི་དམངས་གཙོའི་འཕེལ་འགྱུར་སོགས་ཀྱི་སྐོར་ནས་ངོ་སྤྲོད་གནང་ཡོད་པ་།

ཧྥ་རན་སའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མི་ལྕམ་སྐུ་(Jacqueline Eustache)ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པ་ཞིག་བཞུགས་སྒར་དྷ་རམ་ས་ལར་གཟིགས་སྐོར་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད། ༢༠།༠༤།༢༠༢༣ Tibet.net

ཕྱི་ཟླ་༤ཚེས་༢༠་ཉིན་ཧྥ་རན་སའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མི་ལྕམ་སྐུ་(Jacqueline Eustache)ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པ་ཞིག་བཞུགས་སྒར་དྷ་རམ་ས་ལར་གཟིགས་སྐོར་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་ཀྱིས་བོད་རྒྱའི་གནད་དོན་དང་། བཙན་བྱོལ་བོད་མིའི་བདེ་དོན་སྐོར་ནས་གླེང་མོལ་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། འཐུས་ཚོགས་འཐུས་མི་རྣམས་བཞུགས་སྒར་དུ་ཕེབས་པ་ཐེངས་དང་པོ་མིན་པ་དང་། གཙོ་བོ་ད་ལན་བོད་མིའི་སྒྲིགས་འཛུགས་གཙོས་བོད་མིའི་སྤྱི་ཚོགས་སུ་རྒྱུས་ལོན་ཆེད་ཕེབས་གནང་ཡོད་པ་གསུངས་སོང་།

གཞན་ཡང་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་གཟིགས་སྐོར་དང་འབྲེལ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་གཉིས་ནས་གྲོས་ཚོགས་འཐུས་མི་ཚོར་ཕེབས་བསུ་དང་། བཙན་བྱོལ་སྤྱི་ཚོགས་ནང་བོད་མིའི་དམངས་གཙོའི་འཕེལ་འགྱུར་སོགས་ཀྱི་སྐོར་ནས་ངོ་སྤྲོད་གནང་ཡོད་པ་དང་། དེ་བཞིན་ཉིན་དེར་གྲོས་ཚོགས་འཐུས་མི་རྣམ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་མཇལ་འཕྲད་ཀྱིས་བོད་དོན་དང་བོད་རྒྱ་ཞི་མོལ་སོགས་ཀྱི་སྐོར་ནས་གླེང་མོལ་གནང་ཡོད་འདུག

ཐེངས་འདིར་ཧྥ་རན་སའི་གྲོས་ཚོགས་འཐུས་མི་རྣམ་བཞུགས་སྒར་དུ་ཕྱི་ཚེས་༢༠་ནས་༢༥་བར་གཟིགས་སྐོར་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གཙོས། ཚོགས་སྒེར་ཁག་དང་ཤེས་ཡོན་ལྟེ་གནས་དང་དགོན་སྡེ་ཁག་བཅས་ལ་གཟིགས་ཞིབ་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རྒྱུས་ལོན་གནང་རྒྱུ་དང་། ཕྱི་ཚེས་༢༤ཉིན་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཐུབ་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པ་རེད་འདུག 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org