རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཐེ་ལྦན་ནང་འཚམས་གཟིགས།
རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་ཅིག་ཐེ་ལྦན་དུ་བསྐྱོད་དེ་ཡུལ་དེའི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་སྐོར།
-
2010-09-26 -
-
-
༄༅༎རྒྱ་ནག་དང་ཐེ་ལྦན་དབར་ད་བར་གྱི་ཚོང་འབྲེལ་གྱི་ཆིངས་དོན་ཆེ་ཤོས་ཏེ་བཞག་པའི་རྗེས་སུ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་ཅིག་ཐེ་ལྦན་དུ་བསྐྱོད་དེ་ཡུལ་དེའི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གི་ཚོང་དོན་བློན་ཆེན་གཞོན་པ་ཁྲན་ཅན་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་རེས་གཟའ་སྤེན་པའི་ཉིན་ཐེ་ལྦན་གྱི་རྒྱལ་ས་ཐེ་པེ་ནང་འབྱོར་གནང་གིས་ཐེ་ལྦན་གྱི་དཔལ་འབྱོར་བློན་ཆེན་ལི་སུ་སེ་རྡེར་དང་མཇལ་འཕྲད་གནང་གཏན་འཁེལ་ཡོད་ལུགས་ཨེ་པི་གསར་ལས་ཁང་གིས་ རྡ་ཀོ་མར་ཤེལ་སེ་ཀྲའེམ་སེ་ཞེས་པའི་གསར་ཤོག་གི་གནས་ཚུལ་སྤེལ་ཡོད་པ་ལུང་འདྲེན་གྱི་གནས་ཚུལ་སྤེལ་འདུག། གཟིགས་སྐོར་འདིའི་དམིགས་ཡུལ་གཙོ་བོ་ནི་ བར་ལམ་རྒྱ་ནག་དང་ཐེ་ལྦན་དབར་གལ་ཆེའི་ཚོང་འབྲེལ་གྱི་ཆིངས་དོན་གྱི་འབྲུ་དོན་ལྟར་ རྒྱ་ནག་གིས་ཐེ་ལྦན་ནང་ཚོང་འབྲེལ་གྱི་མ་རྩ་གསར་པ་འཛུགས་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་ལུགས་རྒྱ་ནག་གི་ཚོང་དོན་བློན་ཆེན་གཞོན་པ་ཁྲན་ཅན་གྱིས་གསུངས་གནང་འདུག། ཡུལ་གཉིས་དབར་ཕྱི་ཟླ་དྲུག་པོའི་ནང་ད་བར་བྱུང་མ་མྱོང་བའི་ཚོང་འབྲེལ་གྱི་ཆིངས་དོན་བཞག་ཐུབ་པ་དེས་ ཐེ་ལྦན་གྱི་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་གཞུང་འཛིན་གོ་མིང་ཏང་གིས་ངོས་འཛིན་བྱེད་བཞིན་པ་རེད། འོན་ཀྱང་ཕྱོགས་འགལ་དམངས་གཙོ་ཡར་རྒྱས་ཚོགས་པ་དང་ཕྱོགས་གཏོགས་ཚོས་ཆིངས་དོན་དེས་ཐེ་ལྦན་གྱི་རང་བཙན་འཐབ་རྩོད་ལ་གནོད་ཀྱི་ཡོད་ལུགས་སྐྱོན་བརྗོད་བྱེད་མུས་ཡིན་པ་རེད༎