རེབ་གོང་གི་དམར་འཛིང་རྗེས་བོད་མི་༡༥་འཇུ་བཟུང་བྱས་འདུག

རེབ་གོང་གི་ས་རྩོད་དམར་འཛིང་རྗེས་ས་གནས་བོད་མི་༡༥་ཙམ་རྒྱ་ནག་གི་དམག་གིས་འཛིན་བཟུང་དང་ས་གནས་སུ་དམ་དྲག་བྱེད་བཞིན་འདུག

རེབ་གོང་གི་ས་རྩོད་དམར་འཛིང་རྗེས་ས་གནས་སུ་རྒྱ་ནག་གི་དམག་འབྱོར་བ། ༢༠༡༤།༨།༡༢ བོད་འབྱོར།

2014-08-15

རེབ་གོང་གི་ས་རྩོད་དམར་འཛིང་རྗེས་ས་གནས་བོད་མི་༡༥་ཙམ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་དང་ས་གནས་སུ་དམ་དྲག་བྱེད་བཞིན་འདུག
འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་དོན། སྤྱི་ཚེས༡༡ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཀོའུ་སྡེ་དང་ཉ་ལུང་སྡེ་བ་གཉིས་བར་རྩྭ་ས་རྩོད་གླེང་བྱུང་ནས། དུས་ཡུན་ཆུ་ཚོད་ཁ་ཤས་རིང་དམག་མི་དང་ཉེན་རྟོག་པ་སོགས་གང་ཡང་མ་འབྱོར་བར་ཕན་ཚུན་བར་དམར་འཛིང་ཤོར་ནས་བོད་མི་གཅིག་བསད་པ་དང་། གཞན་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པའི་རྗེས་ས་གནས་སུ་རྒྱ་ནག་གི་ཉེན་རྟོག་དམག་མི་འབྱོར་ནས། སྤྱི་ཚེས་༡༢དང་༡༣ཉིན་བཅས་ལ་རིམ་པས་སྔ་རྗེས་སུ་རྒྱ་ནག་གི་ནེན་རྟོག་དམག་གིས་རེབ་གོང་སྔགས་ས་ཚང་དང་། སྟོད་པ་སྡེ་བ་གཉིས་ནས་སྔགས་ས་ཚང་གི་དོན་གྲུབ་ཚེ་རིང་ཕ་བུ་གཉིས་ཀྱི་གཙོས་སྡེ་མི་༡༥་ཙམ་འཛིན་བཟུང་བྱས་ཡོད་པ་དང་། མུ་མཐུད་ས་གནས་སུ་དམག་མིའི་དམ་དྲག་ཤུགས་ཆེར་བྱེད་བཞིན་དོགས་ཡོད་བོད་མི་ཚོ་འཛིན་བཟུང་བྱེད་བཞིན་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

2014-08-12 རྨ་ལྷོ་རེབ་གོང་ས་རྩོད་དམར་འཛིང་ཁྲོད་མི་གཅིག་བསད་པ་དང་། ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་སྨན་ཁང་ལ་བསྐྱེལ་འདུག

འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཚེས༡༡ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཀོའུ་སྡེ་དང་ཉ་ལུང་སྡེ་བ་གཉིས་བར་རྩྭ་ས་རྩོད་གླེང་བྱུང་ཡོད་ཅིང་། དུས་ཡུན་ཆུ་ཚོད་ཁ་ཤས་རིང་དམག་མི་དང་ཉེན་རྟོག་པ་སོགས་གང་ཡང་མ་འབྱོར་བར་ཕན་ཚུན་བར་འཁྲུག་འཛིང་ཤོར་ནས་བོད་མི་གཅིག་བསད་པ་དང་། གཞན་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ནས་མཚོ་སྔོན་ཞིང་ཆེན་དང་། རྨ་ལྷོ་ཁུལ་སྨན་ཁང་བཅས་སུ་སྨན་བཅོས་བྱེད་ཀྱི་ཡོད་འདུག ས་གནས་བོད་མིས་བརྗོད་དོན། གོའུ་བདེ་སྡེ་བའི་མི་ཁག་ཅིག་གིས་སེམས་ཅན་འཚོ་བཞིན་པའི་སྐབས་ཉ་ལུང་སྡེ་བའི་མི་ཡོང་སྟེ། ས་ཆ་དེ་ནི་ཉ་ལུང་སྡེ་པར་བདག་པ་ལས་ཀོའུ་སྡེ་བས་ས་ཆ་དེའི་ཐོག་སེམས་ཅན་འཚོ་མི་ཆོག་པ་བཤད་པ་མ་ཟད། ཀོའུ་སྡེ་བའི་ཕྱུག་རྫི་གཉིས་ལ་ཉེས་རྡུང་བཏང་བའི་དོན་རྐྱེན་ནས་སྡེ་བ་གཉིས་ཕན་ཚུན་རྩྭ་སའི་དོན་དུ་འཁྲུག་རྩོད་འགོ་ཚུགས་པ་ཞིག་ཡིན་པ་དང། འཁྲུག་རྩོད་ཁྲོད་ཉ་ལུང་སྡེ་བ་ནས་ཡིན་པའི་ལོ་ན་ཉི་ཤུ་རྩ་གྲངས་ཡིན་པའི་ན་གཞོན་ཞིག་ཀྱང་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། དེ་རིང་རྒྱ་ནག་གཞུང་གི་དམག་མི་ཀོའུ་སྡེ་བར་ཡོང་སྟེ་སྡེ་བའི་མི་དམངས་འཛིན་བཟུང་བྱ་རྒྱུའི་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་། ཀོའུ་སྡེ་བའི་མི་ཚོ་རི་བརྒྱུད་དུ་གབ་ཡིབ་ཏུ་གནས་བཞིན་པ་བརྗོད་ཡོད།
བོད་ནང་ཡང་ཡང་རྩ་ས་རྩོད་གླེང་དང་འཁྲུག་རྩོད་ཡོང་བཞིན་པའི་ཐད་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ལོ་སྔོན་མའི་སྤྱི་ཟླ་༦པར། འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་དེ་ཡ་རབས་བཟང་སྤྱོད་དང་ལྡན་པའི་མི་རིགས་ཤིག་ཡིན་ཡང་།    བར་སྐབས་ནས་བོད་ཀྱི་ནང་བློ་ཡུལ་དུ་མི་ཤོང་བའི་དཀའ་སྡུག་སྣ་ཚོགས་ཤིག་བྱུང་བ་དང་། ལྷག་པར་སྔ་དུས་དང་མི་འདྲ་བར་དེང་སང་ཞིང་འབྲོག་ཐོན་སྐྱེད་འགན་གཙང་ཞེས་ཡུལ་གྱི་རྩྭ་ས་བདག་སྐྱོང་དུད་ཁྱིམ་དང་། སྡེ་ཚན་ཆུང་ངུ་ཁག་མང་ལ་བགོས་པའི་དབང་གིས་འབྲི་གཡག་དང་། བ་གླང་། ར་ལུག་སོགས་ཕྱུགས་རིགས་འཚོ་སྐྱོང་དང་། དབྱར་རྩྭ་དགུན་འབུ་རྐོ་སྐབས་སོགས་ཀྱི་དུས་སུ་ཕན་ཚུན་ས་མཚམས་བརྒལ་རེས་ཕྲན་བུ་ལ་བསྙད་དེ་བསམ་མེད་དོན་མ་གོ་འགའ་ཞིག་ནས་བོད་མི་རིགས་ཤ་ཁྲག་གཅིག་གྱུར་གྱི་ལ་རྒྱར་ཇི་མི་སྙམ་པར་ལམ་སང་གྲི་མེ་མདའ་ལ་འཆང་ནས་ལག་འགྱོགས་རྒོལ་འཛིངས་བྱེད་ལུགས་གོ་ཐོས་ཡོང་གི་ཡོད་པ་བཞིན།
ད་ལམ་ཡང་ས་ཁུལ་འགའ་རེར་དབྱར་རྩྭ་དགུན་འབུ་རྐོ་ཡུལ་ས་ཆའི་ཐོག་ནས་རྩོད་རྙོག་ལྷགས་ཏེ་ཡུལ་ལུང་ཤོག་བསྒྲིལ་གྱི་ཛ་དྲག་ཉེན་ཁའི་གནས་ཚུལ་ཡོད་གནས་ཐོས་པར་བློ་ཕམ་བྱུང་། འཚེ་བའི་ལས་ནི་ནང་པ་སངས་རྒྱས་པའི་ལྟ་སྤྱོད་དང་ཡོངས་སུ་འགལ་བ་ཞིག་ཡིན་སྟབས། བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་གཞིའི་ཐབས་སྡུག་གི་བྱ་བ་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་ཤ་ཚ་བཟོད་མེད་ཀྱི་རེ་སྐུལ་བྱེད་བཞིན་ཡོད་ཅེས་དང་།    ༧མགོན་པོ་གང་ཉིད་ནས་ད་དུང་། སླད་ཀྱང་གནས་ཚུལ་དེ་རིགས་སྐབས་འཕྲལ་སོ་སོར་འདུམ་འགྲིག་ཡོང་ཐབས་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།
སྔར་ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གི་བློན་ཆེ་སྡེ་བ་དང་གཉན་ཐོག་ཡུལ་ཚོའི་ཤ་སྦྲང་སྡེ་བ་གཉིས་ཀྱི་བར་རྩྭ་ས་རྩོད་གླེང་བྱུང་སྟེ། བོད་མི་ ༢ མེ་མདའ་བརྒྱབ་ཏེ་བསད་ཡོད་པ་དང་། བོད་མི་ ༣ ལ་རྨས་སྐྱོན་ཚབས་ཆེན་བྱུང་ནས་ཟི་ལིང་གི་སྨན་ཁང་དུ་སྨན་བཅོས་བྱས་ཡོད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org