ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས།
ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ་ཉེ་ཆར་ཚེས་༨དང་༩ཉིན་གཉིས་རིང་ཨ་རིའི་ཤར་ཕྱོགས་སུ་ཡོད་པའི་བོན་པོའི་ཚོགས་པ་ལིག་མིན་རྐྱས་གོ་བསྒྲིགས་གནང་འདུག
-
2013-10-16 -
-
-
ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ་ཉེ་ཆར་ཚེས་༨དང་༩ཉིན་གཉིས་རིང་ཨ་རིའི་ཤར་ཕྱོགས་སུ་ཡོད་པའི་བོན་པོའི་ཚོགས་པ་ལིག་མིན་རྐྱས་གོ་བསྒྲིགས་གནང་འདུག
དེ་ཡང་ལྷན་ཚོགས་ཐོག་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་མཆོག་དང༌། ༧དཔལ་ལྡན་ཁྲི་བརྟན་ནོང་བུ་རྩེའི་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་གཙོས། དགེ་བཤེས་བསྟན་འཛིན་དབང་རྒྱལ་ལགས་དང༌།བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགསཔ་ལགས།ཊོར་ཐང་མཁན་པོ་བསྟན་འཛིན་དབང་རྒྱལ་ལགས། དགེ་བཤེས་གཡུང་དྲུང་བློ་གསལ་ལགས། དགེ་བཤེས་བསྟན་འཛིན། ཡང་སྟོན་ལགས་དང༌། བླ་མ་ཁྱིམ་གསར། ཨེམ་ཆི་ཉི་མ་བསམ་འཕེལ། དགེ་བཤེས་ལྷན་གྲུབ་རྒྱ་མཚོ་ལགས་བཅས་ལྷན་འཛོམས་ཀྱིས་ནུབ་ཕྱོགས་སོགས་སུ་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ནུས་པ་སྔར་ལྷག་དར་སྤེལ་གཏོང་ཐབས་སྐོར་ལ་གཙོ་བོ་དོན་ཚན་ལྔའི་ཐོག་གྲོས་བསྡུར་ལྷུགས་པོ་གནང༌བ་དང་། གཞན་ཡང་ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཀྱི་སློབ་སྟོན་པ་དང༌། རྒྱུན་ལས་གསར་འདེམས་གནང་བ་མ་ཟད། ཚོགས་ཐེངས་གཉིས་པ་དེ་༢༠༡༤ལོའི་ཕྱི་ཟླ་དགུ་པའི་ཚེས་༡༧ནས་༢༠བར་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་San Francisco ་ཉེ་འཁྲིས་སུ་ཡོད་པའི་རྒྱལ་གཤེན་ཞང་བོད་རིགས་སློབ་གླིང་དུ་ཚོགས་གནང་རྒྱུར་གྲོས་མཐུན་བྱུང་འདུག