བཙན་བྱོལ་བོད་མིའི་སློབ་ཕྲུག་ལ་ཁོར་ཡུག་སྐོར་གྱི་ཟབ་སྦྱོང༌།
བཙན་བྱོལ་བོད་གཞུང་ཕྱི་འབྲེལ་ལས་ཁུངས་ཀྱི་ཁོར་ཡུག་སྡེ་ཚན་གྱིས་བོད་ཕྲུག་ཉི་ཤུ་རྩ་གཉིས་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་ཟབ་སྦྱོང་གནང་འདུག
-
2008-06-05 -
-
-
༄༅༎བཙན་བྱོལ་བོད་གཞུང་ཕྱི་འབྲེལ་ལས་ཁུངས་ཀྱི་ཁོར་ཡུག་སྡེ་ཚན་གྱིས་ དེ་རིང་བོད་མིའི་སློབ་གྲྭ་ཁག་བཞིའི་སློབ་ཕྲུག་ཉི་ཤུ་རྩ་གཉིས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་སྐོར་གཟབ་སྦྱོང་ཞིག་གོ་སྒྲིག་གནང་བ་བརྒྱུད་ རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད་
དེ་ཡང་གཟབ་སྦྱོང་གི་ནང་ བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ ཁོར་ཡུག་སྲུང་སྐྱོབ་བྱ་གལ་ཆེ་བ་དང་དེང་གི་འཆར་འཛམ་གླིང་གི་ས་ཁུལ་གང་སར་རང་བྱུང་འབྱུང་བའི་གོད་ཆགས་ཤུགས་ཆེ་ཕོག་བཞིན་པའི་གཞི་རྩ་དེ་ཉིད་ཀྱང་ ཁོར་ཡུག་ལ་གནོད་འཚེ་ཕོག་པའི་རྒྱུ་རྐྱེན་ལ་བརྟེན་ཡོང་གི་ཡོད་སྐོར་སོགས་ཀྱི་སློབ་སྟོན་གནང་ཡོད་པ་དང་ དེ་ཡང་ཁོང་གིས་བོད་ནང་ཆ་མཚོན་ན་ རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་གཏེར་ཁ་ཤུགས་ཆེ་བསྡོག་འདོན་བྱས་དང་བྱེད་བཞིན་པ་དང་ གཙང་ཆུ་ཁག་ལ་ཆུ་རག་ཆེན་པོ་རྒྱབ་པ་སོགས་ཀྱིས་ བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཤུགས་ཆེ་གཏོང་བཞིན་པའི་ཤུགས་རྐྱེན་ཆེན་པོ་ཞིག་ བོད་ཙམ་མིན་པར་ བོད་དང་ས་འབྲེལ་ཨེ་ཤི་ཡའི་ཡུལ་ཁག་ལ་འཕྲད་རྒྱུའི་ཉེན་ཚབས་ཆེན་པོ་ཞིག་ཡོངས་ཁྱབ་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས་འདུག ད་རེས་གཟབ་སྦྱོང་གི་ནང་ རྡ་ས་བཞུགས་སྒར་བོད་ཕྲུག་ཁྱིམ་སྡེ་དང་ གོ་པལ་པུར་བོད་ཕྲུག་ཁྱིམ་སྡེ་ ཅུང་ཏ་ར་དང་ ཧར་པཊ་པུར་དབུས་བོད་སློབ་འཛིན་སྐྱོང་མངའ་ཁོངས་ཀྱི་སློབ་གྲྭ་གཉིས་ནས་སློབ་ཕྲུག་འདེམས་སྒྲུག་གནང་ཡོད་པ་དང་ བོད་ཀྱི་རྒྱུགས་ཆུའི་ཐོག་རིགས་གཅིགརྐང་འཛིན་ཀྱི་མཁས་པ་བཀྲིས་ཚེ་རིང་ལགས་སོགས་ཀྱིས་སློབ་ཕྲུག་ཚོར་གཟབ་སྦྱོང་གནང་ཡོད་འདུག