འོས་བསྡུའི་རྗེས་མི་དམངས་ལ་འཚམས་འདྲི། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་།
རྒྱབ་སྐྱོར་དང་ཡིད་ཆེས་གནང་པར་ཐུགས་རྗེ་ཆེ། ངས་ཞབས་ཕྱི་ཧུར་ཐག་ཞུ་རྒྱུ་ཡིན། སྤེན་པ་ཚེ་རིང་།
- 2021-04-17
-
-
-
ཨེ་ཤེ་ཡ་རང་དབང་རང་དབང་རླུང་འཕྲིན་ཁང་བརྒྱུད་མང་མོས་འོས་བསྡུའི་ལམ་ནས་ཐེངས་རྗེས་མའི་སྲིད་སྐྱོང་དུ་བདམས་ཐོན་བྱུང་བ་ ༢༠༢༡ གི་སྲིད་སྐྱོང་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་མང་ཚོགས་ནས་ཁོང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཁོང་གི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བདེ་དོན་ཐད་ཞབས་ཕྱི་ཧུར་ཐག་སྒྲུབ་རྒྱུ་ཡིན་པ་ཁས་ལེན་གནང་འདུག འདི་ནི་ ༢༠༢༡ སྲིད་སྤྱིའི་འོས་བསྡུ་ཆེན་མོའི་རྗེས་མི་དམངས་ལ་ཡོངས་ཁྱབ་འཚམས་འདྲི་གནང་པ་ཆེས་ཐོག་མ་དེ་ཆགས་ཡོད་པ་རེད།
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༣༤༡༢༨ དང་། སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གྲངས་ ༢༨༦༦༡ སོ་སོར་ཐོབ་ཞིང་། ད་བར་སྤེནཔ་ཚེ་རིང་ལགས་སུ་འོས་གྲངས་ ༥༤༦༧ གྱི་མང་བ་ཐོབ་སྟེ་བདམས་ཐོན་སྲིད་སྐྱོང་དུ་ངེས་ཡོད་པ་རེད། ལྷག་པར་དུ་བདམས་ཐོན་སྲིད་སྐྱོང་དུ་ངེས་པ་སྤེན་པ་ཚེ་རིང་ལགས་ཀྱིས། ཁོང་གིས་བོད་མི་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ལས་དོན་འགྲུབ་དགོས་པའི་འབོད་སྐུལ་གནང་འདུག