རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གསར་འགོད་པ་ཞིག་དོ་དམ།
རྒྱ་ནག་གཞུང་ནས་ཡུ་གུར་མི་རིགས་ཡིན་པའི་གསར་འགོད་པ་ཞིག་དོ་དམ་བྱས་ཡོད་པའི་གནས་ཚུལ་འདུག
-
2009-10-30 -
-
-
༄༅༎རྒྱ་ནག་གཞུང་ནས་ཡུ་གུར་མི་རིགས་ཡིན་པའི་གསར་འགོད་པ་ཞིག་དོ་དམ་བྱས་ཡོད་པའི་གནས་ཚུལ་འདུག
དེ་ཡང་རྒྱ་ནག་གི་ནུབ་རྒྱུད་ཤིན་ཅང་ཁུལ་དྲ་རྒྱ་ཞིག་གི་བདག་པོ་ཨི་ལ་ཧིམ་ཏོ་ཀྲི་ཞེས་པས་ཨེ་པི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་པར་ལྟར་ན་ཁོ་པའི་དྲ་རྒྱའི་འགན་འཛིན་ཧེ་ལ་ཡེཏ་ནི་ཡ་ཛི་འདི་ཚེས་གཅིག་ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཅི་ལ་ཡོད་པའི་ཁོ་པའི་ནང་ནས་འཛིན་བཟུང་བྱས་པ་དང་ཁོ་པ་འཛིན་བཟུང་བྱས་པའི་གནས་ཚུལ་ནང་མི་ཚོར་ཚེས་བཞིར་མ་གཏོགས་བརྡ་ལན་སྤྲད་མེད་པའི་ཁར་འཛིན་བཟུང་བྱེད་དགོས་དོན་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་ཉེན་ཚབས་བཟོས་ཡོད་ལུགས་ཉེས་བཙུགས་བྱས་ཡོད་འདུག ཡིན་ནའང་ཁོ་པའི་བཟའ་ཟླས་ད་རེས་ཁོང་འཛིན་བཟུང་བྱེད་དགོས་དོན་ཕལ་ཆེར་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤིན་ཅང་ཁུལ་ཟིང་ཆའི་དོན་རྐྱེན་བྱུང་བའི་རྗེས་ཁོ་པས་ཕྱི་རྒྱལ་གསར་འགྱུར་བཀོད་མཁན་ཚོར་གནས་ཚུལ་འགྲེལ་བཤད་རྒྱབ་པའི་སྐབས་ཁོང་གིས་ས་གནས་སྲིད་གཞུང་གིས་ཡུ་གུར་མི་རིགས་ཚོའི་ཐོག་སྡང་ཟུག་བྱས་པའི་དབང་གིས་བཟོད་སྒོམ་མ་ཐུབ་པའི་འུ་ཐུག་པའི་གནས་སྟངས་འོག་ནས་གནས་ཚུལ་ལྷག་པ་ཡིན་ལུགས་འགྲེལ་བཤད་རྒྱབ་པའི་རྐྱེན་ཡིན་གྱི་རེད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ་གང་ལྟར་ཉེ་བའི་དུས་ཚོད་དེའི་རིང་ཡུ་གུར་མི་འགའ་ཤས་རྒྱ་ནག་གཞུང་ནས་སྲོག་ཐོག་བཏང་བ་དང་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད།
འཛིན་བཟུང་བྱས་པའི་ཡུ་གུར་གསར་འགོད་པ་དེ་བཞིན་གོང་ཞུས་ཏོཧ་ཀྲིའི་དྲ་རྒྱའི་ལས་ཁུངས་སུ་ལས་ཀ་བྱས་པ་དང་དེའི་གོང་ཤིན་ཅང་གི་གསར་འགྱུར་ལས་ཁང་གཉིས་ཙམ་ནང་ལས་ཀ་བྱེད་མྱོང་ཡོད་པ་ཞིག་ཡིན་འདུག