སྲིད་སྐྱོང་དང་སྤྱི་འཐུས་དངོས་གཞིའི་འོས་དམིཊ་གསལ་བསྒྲཊ་གནང་བ།
མ་འོངས་བོད་ཀྱི་འོས་བསྡུ་ཆེན་མོའི་སྲིད་སྐྱོང་དང་བོད་མི་དམངས་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིཊ་གསལ་བསྒྲཊ་གནང་འདུག
-
2016-02-03 -
-
-
Your browser doesn’t support HTML5 audio
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས། དེ་རིང་ཚེས༣ཉིན་སྐབས་བཅོ་ལྔ་བའི་བཀའ་ཤག་གི་སྲིད་སྐྱོང་དང་། སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་གསལ་བསྒྲགས་གནང་ཡོད་པ་རེད།
ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམ་ཆོས་འཕེལ་ལགས་དབུ་བཞུགས་ཐོག་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲིས་ལགས་དང་། བསྟན་འཛིན་ཆོས་འཕེལ་ལགས། དྲུང་འཕར་ཚེ་རིང་སྟོབས་རྒྱལ་ལགས། དྲུང་གཞོན་བསྟན་འཛིན་ནོར་བུ་ལགས་བཅས་ཕེབས་ཏེ་ཕྱི་ནང་གསར་འགོད་པ་༢༠བརྒལ་བ་ལྷན་འཛོམས་ཐོག་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་བའི་ནང་། ཁོང་གིས་འོས་བསྡུའི་སྒྲིག་གཞི་དོན་ཚན་༦༧ནང་གསེས་༤དགོངས་དོན་བཞིན་སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་གཉིས་བཏོན་ཡོད་པ་དང་། སྲིད་སྐྱོང་ཀྱི་འོས་དམིགས་གཉིས་ནི། སྐྱེས་ཡུལ་ལི་ཐང་དང་ད་ལྟའི་སྡོད་གནས་རྡ་རམ་ས་ལ་ནས་ཡིན་པ་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་། སྐྱེས་ཡུལ་མདོ་སྨད་སྣང་ར་ནས་ཡིན་པ་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་མཆོག་གཉིས་ཡིན་པའི་གསལ་བསྒྲགས་གནང་གནང་བ་དང་།
དེ་བཞིན་དོན་ཚན་༤༩ནང་གསེས་༣ཀ་བའི་དགོངས་དོན་ལྟར། ཐོབ་ཁུངས་སོ་སོའི་གྲངས་ཚད་ཉིས་ལྡབ་ཐོག་དང་བླངས་ཇི་ཡོད་བསྣན་ཏེ། སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་ཁོངས་སུ། དབུས་གཙང་ཆོལ་ཁའི་སྤྱི་འཐུས་དང་བླངས་༡བསྣན་ཏེ་འོས་དམིགས་༢༡དང་། མདོ་སྟོད་དང་མདོ་སྨད་ཆོལ་ཁའི་ཁོངས་སུ་འོས་དམིགས་༢༠རེ་དང། ཆོས་བརྒྱུད་ཁག་ལྔ་དང། ཡུ་རོབདང་ཨབ་རི་ཀ་ནས་འོས་དམིགས་༤རེ། ལྷོ་བྱང་ཨ་རིའི་སྤྱི་འཐུས་དང་བླངས་༢བསྣན་ཏེ་འོས་དམིགས་༦ རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤེ་ཡ་དང་། ཨོ་སི་ཀྲེ་ལེ་ཡའི་སྤྱི་འཐུས་དང་བླངས་༡བསྣན་ཏེ་འོས་དམིགས་༣བཅས་གཏན་འབེབས་ཞུས་ཡོད་ལུགས་གསུངས་འདུག
དེ་བཞིན་དབུས་འོས་བསྡུ་ལས་ཁང་གིས་སྲིད་སྐྱོང་དང་། སྤྱི་འཐུས་གཉིས་ཀྱི་འོས་གཞི་རྣམ་པས་ཐུགས་སྣང་གནང་དགོས་པའི་རིགས་དང་། རྒྱ་ཆེའི་འོས་ཤོག་འཕེན་མཁན་ཡོངས་ནས་ཐུགས་སྣང་གནང་དགོས་རིགས་རྣམས་ཀྱང་གསལ་བསྒྲགས་གནང་འདུག
གསར་འགོད་པ་ཚེ་དབང་དངོས་འགྲུབ།
ཞིབ་ཕྲ་འདི་གའི་རྡ་རམ་སཱ་ལའི་གསར་འགོད་པ་ཨྱོན་བསྟན་འཛིན་གྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།