ད་བར་ཨེ་བྷོ་ལ་ནད་པ་མི་གྲངས་༤༩༠༠ཤི་འདུག

ཨེ་བྷོ་ལ་འགོད་ནད་ཕོག་མཁན་མི་གྲངས་ཆིག་ཁྲི་ཙམ་གྱི་ཁྲོད་ནས་ད་བར་མི་གྲངས་༤༩༠༠ཙམ་འདས་གྲོངས་སུ་སོང་ཡོད་འདུག

ཨེ་བྷོ་ལ་ebolaའགོད་ནད་ཕོག་མཁན། དྲ་བཤུས།

ཨེ་བྷོ་ལ་འགོད་ནད་ཕོག་མཁན་མི་གྲངས་ཆིག་ཁྲི་ཙམ་གྱི་ཁྲོད་ནས་ད་བར་མི་གྲངས་༤༩༠༠ཙམ་འདས་གྲོངས་སུ་སོང་ཡོད་འདུག
ནུབ་ཨ་ཧྥེ་རི་ཀ་གཙོ་བོར་གྱུར་པའི་ཨེ་བྷོ་ལ་ནད་ཡམས་བྱུང་ཡུལ་ས་གནས་ཁག་ཏུ་ཨེ་བྷོ་ལ་འགོད་ནད་ཕོག་མཁན་ཆིག་ཁྲི་ཙམ་བྱུང་བའི་ཁོངས་ནས་ད་བར་འདས་གྲོངས་སུ་སོང་བའི་གྲངས་འབོར་བཞི་སྟོང་དགུ་བརྒྱ་བཅུ་གཉིས་ཙམ་ཟིན་ཡོད་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་བསྒྲགས་བྱས་འདུག ནད་ཡམས་དེ་ཁྱབ་བརྡལ་ཤུགས་ཆེ་ཤོས་བྱུང་བའི་ཡུལ་གྲུ་གསུམ་ནི་ནུབ་ཨ་ཧྥེ་རི་ཀའི་ཡུལ་གྲུ་Guineaདང་། ལཡེ་བེ་རི་ཡ། སིཡེ་ར་ལིཡོན་བཅས་ཡིན་པ་རེད། གོང་གི་གྲངས་འབོར་དེ་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་དངོས་སུ་ར་འཕྲོད་གསལ་ཁ་བྱུང་བ་ཞིག་ལ་ཆ བཞག་པ་ཞིག་ཡིན་པ་ལས། ནད་ཡམས་ཕོགས་མཁན་གྱི་ནད་པ་དང་འདས་གྲོངས་སུ་གྱུར་བའི་གྲངས་འབོར་ངོ་མ་གོང་གི་གྲངས་འབོར་དེ་ལས་ལྡབ་གསུམ་ཙམ་གྱི་མང་བ་ཡིན་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། དབུལ་ཞིང་ཕོངས་པའི་ཡུལ་གྲུ་དེ་དག་ནང་གི་ས་ཁུལ་ཆུང་ཁག་མང་པོའི་ནང་ནད་ཡམས་དེའི་ཐོག་གི་གནས་ལུགས་ཀྱི་གོ་རྟོག་དམན་པ་དང་། སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་དབང་གིས་ནད་དེ་ཕོག་མཁན་གྱི་མི་ཚོས་ཟུར་འཇོག་བྱེད་མ་ཐུབ་པར་ཁྱིམ་དུ་ཉར་ཚགས་བྱེད་བཞིན་པ། མང་པོས་རང་ཉིད་ལ་ནད་དེ་འགོས་བ་མི་ཤེས་པ་ལ་སོགས་པའི་རྒྱུ་མཚན་མང་ཞིག་གི་ཐོག་ནས་ནད་ཡམས་ཁྱབ་བརྡེལ་བཀག་འགོག་གི་ལས་དོན་ཚུལ་བཞིན་སྤེལ་རྒྱུར་འགོག་རྐྱེན་ཆེན་པོ་བྱུང་བཞིན་ཡོད་འདུག དུས་ཐོག་སྨན་བཅོས་ཐོབ་ཐབས་བྲལ་བའི་ས་ཁུལ་དེ་དག་ནང་གི་ཨེ་བོ་ལ་ནད་ཡམས་ཕོགས་མཁན་བརྒྱ་ཆ་བདུན་བཅུ་དོན་ལྔ་ཙམ་འདས་གྲོངས་སུ་འགྲོ་གི་ཡོད་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གསར་ལམ་ལྟར་ན། འགོས་ནད་དེ་གང་མགྱོགས་སྔོན་འགོག་མ་ཐུབ་པ་ཡིན་ན་ཉམས་ཐག་ཧ་ཅང་མང་པོ་ཡོད་པའི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་འགོས་ནད་དེ་སླེབས་སྲིད་པ་དང་། དེ་ལྟར་བྱུང་ཚེ་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ལ་ཉེན་ཁ་ཡོང་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org