ཡོ་རོབ་སྤྱི་མཐུན་ཚོཌ་པའི་འཐུས་མི་ཁག་རྡ་སར་འཚམས་གཟིཌ།
ཡོ་རོབ་སྤྱི་མཐུན་གྱི་ཚོགས་ཆུང་ཞིག་འདི་ཟླའི་ཚེས་བཅུ་གཉིས་ནས་ཚེས་བཅུ་བཞི་བར་ཉིན་གྲངས་གསུམ་རིང་བཞུགས་སྒར་དུ་གཟིགས་བསྐོར།
-
2009-10-15 -
-
-
༄༅༎ཡོ་རོབ་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་བཞུགས་སྒར་ཁུལ་གཟུགས་བསྐོར་ཕེབས་ཡོད་འདུག
བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན་ཡོ་རོབ་སྤྱི་མཐུན་ཚོགས་པའི་ཁོངས་གཏོགས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་ཚན་པའི་ཚོགས་མི་སྐུ་ཞབས་པི་ཀྲར་ཀེ་ལེ་ལྦར་མཆོག་གི་དབུས་པས་ཚོགས་ཆུང་ཞིག་འདི་ཟླའི་ཚེས་བཅུ་གཉིས་ནས་ཚེས་བཅུ་བཞི་བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཁུལ་གཟིགས་བསྐོར་གནང་བ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་པ་མཆོག་དེ་དང་ཕྱོགས་མཚུངས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འབྲེལ་ཡོད་རྣམས་དང་མཇལ་འཕྲད་ཀྱང་གནང་ཡོད་པ་རེད།
སྐུ་ཞབས་ཀེ་ལ་ལྦར་མཆོག་དང་དེ་བཞིན་ཚོགས་ཆུང་གི་ཚོགས་གཙོ་བཅས་ཚོགས་མི་ཁག་ཅིག་ཟླ་བ་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་ཁུལ་དུ་གཟིགས་བསྐོར་ཕེབས་ཡོད་པ་ལྟར་ཁོང་གིས་བོད་ནང་རྒྱ་ནག་གཞུང་ནས་འཛུགས་སྐྲུན་ཡར་རྒྱས་ཧ་ཅང་ཆེན་པོ་བཏང་ཡོད་པ་མངོན་གསལ་དོད་པོ་འདུག
ཡིན་ནའང་ས་གནས་བོད་མི་ཚོར་དེས་ཁེ་ཕན་ག་ཚོད་བྱུང་ཡོད་མེད་འདྲི་བ་ཞིག་རེད། ལྷག་པར་དུ་ཕྲུ་གུའི་ཤེས་ཡོན་ཐོག་སེམས་འཚབ་སྐྱེས་འོས་པ་ཞིག་བྱུང་། དེ་འདྲ་ཡིན་དུས་ང་ཚོས་ད་རེས་བཙན་བྱོལ་ནང་གི་བོད་མིའི་གནས་སྟངས་དང་ཕྲུ་གུའི་ཤེས་ཡོན་གྱི་གནས་སྟངས་སོགས་རྟོག་ཞིབ་བྱུང་བར་བརྟེན་མ་འོངས་པར་དེ་ཚོའི་ཐོག་རྒྱ་ནག་གཞུང་ལ་འདྲི་བ་བྱེད་དགོས་ངེས་ཤིག་ཆགས་ཀྱི་རེད་ཅེས་གསུངས་འདུག