དུག་རྫས་ཉལ་ཐ་ནག་ཚོང་མཁན་རྒྱ་རིགས་འཛིན་བཟུང།
དུག་རྫས་ཉལ་ཐ་ནག་ཚོང་རྒྱབ་མཁན་བཀག་སྡོམ་ལས་ཁང་གིས་དུག་རྫས་ཉལ་ཐ་ནག་ཚོང་རྒྱབ་མཁན་ཚོར་རྡུང་རྡེག་གི་ལས་འགུལ།
-
2012-05-04 -
-
-
༄༅༎ད་ལོ་ཕྱི་ཟླ་བཞི་པའི་ནང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁང་དང་ཉིང་ཁྲི་ས་གནས་སྤྱི་བདེ་ལས་ཁང་གི་དུག་རྫས་ཉལ་ཐ་ནག་ཚོང་རྒྱབ་མཁན་བཀག་སྡོམ་ལས་ཁང་གིས་ལྷ་ས་དང་ཉིང་ཁྲི་ས་གནས་ནང་དུག་རྫས་ཉལ་ཐ་ནག་ཚོང་རྒྱབ་མཁན་ཚོར་རྡུང་རྡེག་གི་ལས་འགུལ་སྤེལ་ནས་ཕྱི་ཟླ་བཞི་པའི་ཚེས་༢༠ཉིན་ལྷ་ས་གྲོང་ཁྱེར་གླིང་འཁོར་བྱང་ལམ་གྱི་གྲོང་མི་སྡོད་གནས་བྱེད་ས་ཞིག་ནང་གནས་སྡོད་བྱེད་མཁན་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནས་ཡིན་པའི་རྒྱ་རིགས་མི་གསུམ་གྱིས་དུག་རྫས་ཉལ་ཐ་འཐེན་པའི་དོགས་གཞིའི་འོག་འཇུ་བཟུང་བྱས་ནས་བརྟག་དཔྱད་བྱས་རྗེས་རྒྱ་རིགས་དེ་དག་གིས་རྒྱུན་དུ་ནས་སྤྱི་ཚོགས་ནང་ལས་ཀ་མེད་པའི་མི་སྣ་ཁག་ཅིག་དང་མཉམ་དུ་དུག་རྫས་ཉལ་ཐ་འཐེན་གྱི་ཡོད་པ་ཤེས་རྟོགས་བྱུང་ལུགས་དང་ དེ་བཞིན་ཕྱི་ཟླ་བཞི་པའི་ཚེས་༢༤ཉིན་ལྷ་ས་གྲོང་ཁྱེར་རྟ་རྒྱུགས་འགྲན་སྡུར་བྱེད་སའི་ཁུལ་ནས་དུག་རྫས་ཉལ་ཐ་ནག་ཚོང་རྒྱབ་མཁན་གྱི་ཚོགས་པ་ཞིག་རྩད་བརྙེད་ཐུབ་ནས་ དེའི་རྒྱུད་དུ་ཉལ་ཐ་ནག་ཚོང་རྒྱབ་མཁན་རྒྱ་རིགས་མི་དྲུག་འཇུ་བཟུང་ཐུབ་ཡོད་པ་དང་ རྒྱ་རིགས་དེ་དག་གིས་དུས་ཡུན་རིང་པོའི་ནང་བོད་ནང་ཐ་མ་ཉལ་ཐ་ནག་ཚོང་བརྒྱབ་ཡོད་པ་དང་གྱོད་དོན་དེར་ས་གནས་སྤྱི་བདེ་ལས་ཁང་ཉལ་ཐ་ནག་ཚོང་བཀག་སྡོམ་ལས་ཁང་གིས་བརྟག་དཔྱད་བྱས་པའི་རྗེས་ཕྱི་ཟླ་བཞི་པའི་ཚེས་༢༦ཉིན་མི་དེ་དག་རང་གནས་ཡུལ་ས་གནས་སུ་རྩིས་སྤྲོད་བྱས་ལུགས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁང་གི་ཐ་མ་ཉལ་ཐ་ནག་ཚོང་བཀག་སྡོམ་ཚན་པའི་ལས་དོན་སྙན་ཞུའི་ནང་འཁོད་ཡོད་འདུག