རྒྱ་ནག་གཞུང་གིས་བོད་མི་ཞིག་ལྐོག་བསད།
བོད་མདོ་སྨད་གཅན་ཚ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་གཏོང་རྩིས་བྱེད་སྐབས་གསང་བ་ཕྱིར་ཤོར་ཏེ་རྒྱ་གཞུང་གིས་ལྐོག་བསད་བྱས་པའི་གནས་ཚུལ་ཐོན་འདུག
-
2012-09-27 -
-
-
༄༅། །བོད་མདོ་སྨད་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ་རང་ལོ་༥༧ཡིན་པའི་བོད་མི་རྡོ་རྗེ་རབ་བརྟན་ཟེར་བ་ཞིག་གིས་སྤྱི་ཟླ་༨ ཚེས་༡༧ ཉིན་གྱི་དགོང་མོར་གཅན་ཚ་རྫོང་གི་བདེ་ཆེན་མགྲོན་ཁང་དུ་རྒྱ་གཞུང་གི་སྲིད་ཇུས་འོག་བོད་མིར་རང་དབང་མེད་པ་དང་། ༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་སོགས་ཀྱི་སྡུག་བསྔལ་གྱིས། མེར་སྲེག་གི་ཅ་ལག་གྲ་སྒྲིག་གནང་སྟེ་རང་ལུས་མེར་སྲེག་བྱེད་རྩིས་སྐབས། རྒྱ་ནག་གཞུང་གིས་མི་སྣས་ཧ་གོ་སྟེ་ཁོང་ལྐོག་གསོད་བྱས་འདུག།