འབྲས་སྤུངས་སུ་ནང་ཆོས་དང་ཚན་རིག་སྐོར་གྱི་བགྲོ་གླེང་།

ཆོས་རིཊ་ལས་ཁུངས་ཀྱི་བཀའ་འབྲེལ་བཞིན་རྒྱ་གར་ལྷོ་ཕྱོཊ་སྒོ་མང་གྲ་ཚང་དུ་ནང་ཆོས་དང་ཚན་རིག་སྐོར་གྱི་བགྲོ་གླེང་ཞིག་ཚོཊ་ཡོད་འདུག

འབྲས་སྤུངས་སུ་ནང་ཆོས་དང་ཚན་རིག་སྐོར་གྱི་བགྲོ་གླེང་གནང་བཞིན་པ། ༢༠༡༤།༧།༣༡ ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

ཆོས་རིཊ་ལས་ཁུངས་ཀྱི་བཀའ་འབྲེལ་བཞིན་རྒྱ་གར་ལྷོ་ཕྱོཊ་སྒོ་མང་གྲ་ཚང་དུ་ནང་ཆོས་དང་ཚན་རིག་སྐོར་གྱི་བགྲོ་གླེང་ཞིག་ཚོཊ་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕྱི་ཟླ་བདུན་པའི་ཚེས་༣༡ཉིན་དཔལ་ཎ་ལན་ཊའི་སྐྱེས་ཆེན་དམ་པ་ཚོའི་བཀའ་དྲིན་རྗེས་དྲན་དང་། ༧གོང་ས་མཆོག་ནས་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང་། ལྷག་དོན་དུ་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་བྱ་རྒྱུའི་དགོངས་གཞི་བཞིན། ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། དེའི་ཐོག་བླ་སྤྲུལ་དགེ་བཤེས་དང་། ཚན་རིག་སློབ་གཉེར་གནང་མཁན། དགེ་འདུན་པ་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་རེད།    
ད་རེས་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཚོགས་དགོས་དོན་ཐོག་སྒོ་མང་གྲྭ་ཚང་གི་དགེ་རྒན་དགེ་བཤེས་བློ་བཟང་ཚེ་བརྟན་ལགས་ཀྱིས་གསུངས་དོན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་སུ་ཡོད་པ་བཞིན་ནང་པའི་ཆོས་དང་ནུབ་ཕྱོགས་ཚན་རིག་པའི་དབར་གྱི་ཁྱད་པར་དང་། ཚན་རིག་ཟེར་བ་དེ་གང་དྲ་ཞིག་ཡིན་མིན། ནང་ཆོས་དང་ཚན་རིག་ཟུང་འབྲེལ་ཐོག་ནས་སློབ་གཉེར་གནང་དགོས་པའི་རྒྱུ་མཚན་དང་།  དེ་སྤྱི་ཚོགས་ཁྱོན་ཡོངས་སུ་ཁྱབ་ཐུབ་པའི་ཆེད་དུ་ད་རེས་ཆོས་རིགས་ལས་ཁུངས་ཀྱི་བཀའ་འབྲེལ་བཞིན་བགྲོ་གླེང་ལས་རིམ་དེ་གོ་བསྒྲིགས་ཞུས་པ་ཞིག་ཡིན་པ་གསུང་འདུག

གསར་འགོད་པ་འཆི་མེད།

ཞིབ་ཕྲ་འདི་གའི་ས་གནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་ལ་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org