བཟའ་ཟླ་གློད་གྲོལ་ཆེད་ལས་འགུལ།

འཇིགས་བྲལ་ཞེས་པའི་བརྙན་འཕྲིན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷ་མོ་མཚོ་ཡིས་དོན་གྲུབ་དབང་ཆེན་ལགས་གློད་གྲོལ་ཡོང་བ་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུ་ཡིན་པ་རེད།

བཟའ་ཟླ་གློད་གྲོལ་ཆེད་འབོད་སྐུལ་ལས་འགུལ། པར། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ།

འཇིགས་བྲལ་ཞེས་པའི་བརྙན་འཕྲིན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷ་མོ་མཚོ་ཡིས་དོན་གྲུབ་དབང་ཆེན་ལགས་གློད་གྲོལ་ཡོང་བ་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུ་ཡིན་པ་རེད།

དེ་ཡང་དོན་གྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷ་མོ་མཚོ་རྒྱ་གར་ནས་དེང་སྐབས་ཨ་རིར་སླེབས་ཡོད་པ་ལྟར་། རེས་གཟའ་ལྷག་པའི་ཉིན་ཁོང་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་Peter Coyote དང་ལྷན་དུ་ཨ་རིའི་མངའ་སྡེ་California་གྲོང་ཁྱེར་San Frencisco ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ཁོང་གི་བཟའ་ཟླ་དོན་གྲུབ་དབང་ཆེན་གློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞིང། ལྷག་དོན་ཕྱི་ཟླ་བཅུ་པའི་ཚེས་༡༧ གྱི་ཉིན་མོ་དེ་ནི་དོན་གྲུབ་དབང་ཆེན་ལགས་ཀྱི་སྐྱེས་སྐར་ཉིན་མོ་ལ་འཁེལ་ཡོད་པར་བརྟེན་ནས་བཟའ་ཟླ་ལྷ་མོ་མཚོ་ཡིས་གོ་སྐབས་དེ་བཟུང་སྟེ་མངའ་སྡེ་Calfornia་ནང་གི་བོད་ཀྱི་མཛའ་གྲོགས་ཚོགས་པའི་རོགས་རམ་ལ་བརྟེན་ནས་དོན་གྲུབ་དབང་ཆེན་གློད་འགྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།

ལྷ་མོ་མཚོ་ཡིས་དོན་གྲུབ་དབང་ཆེན་ལགས་གློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་བའི་བརྙན་འཕྲིན་པར་རྒྱབ་པའི་སྐབས། འདས་པའི་ལོ་ངོ་ལྔའི་རིང་ལ་དོན་གྲུབ་དབང་ཆེན་ལགས་ཀྱི་ཕ་མ་དང། དགའ་ཉེ་གྲོགས་པོ། བུ་ཕྲུག་དང་ཁོང་བཟའ་ཟླ་བཅས་ནས་གློད་གྲོལ་ཡོང་བའི་རེ་སྒུག་བྱས་ནས་བསྡད་པ་ཡིན། རྒྱ་ནག་གཞུང་གིས་དོན་གྲུབ་དབང་ཆེན་ལ་བཙོན་འཇུག་གི་ཉེས་ཆད་ལོ་ཚད་བཟོས་པ་ལྟར་བྱས་ན་། ཕྱི་ལོ་ཁོང་གི་བཙོན་དུས་མཐའ་མ་དེ་ཡིན་པར་བརྟེན། ད་ནས་ནང་མི་རྣམས་ཀྱིས་ཁོང་གློད་འགྲོལ་བཏང་བའི་སྐབས་གཟུགས་པོའི་གནས་སྟངས་སྐྱོ་པོ་ཇི་ལྟར་ཆགས་ཡོད་པ་དངངས་སྐྲག་དང་བློ་འཚབ་ཆེན་པོར་གནས་བཞིན་ཡོད། ང་ཚོས་དེ་ལྟར་དངངས་སྐྲག་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་འདི་ལོ་ཆབ་སྲིད་བཙོན་པ་མང་པོ་ཞིག་གློད་གྲོལ་བཏང་བའི་ནང་ནས་མང་ཆེ་བའི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་གི་སྐྱོ་པོ་ཡོད་པ་ཙམ་དུ་མ་ཟད། ནད་མནར་སྡུག་པོ་བྱུང་ཡོད་པ་གོ་ཐོས་བྱུང་བར་བརྟེན། ཁྱེད་ཚོས་དོན་གྲུབ་དབང་ཆེན་བདེ་ཐང་ངང་གློད་གྲོལ་ཡོང་ཐབས་ཀྱི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org