ནང་པ་ཚོས་བོད་ནང་གི་གནས་སྟངས་ཐད་ཐུཊ་སྣང་རྒྱབ་སྐྱོར་དགོས།

སྤྱི་འཐུས་ཚོགས་གཞོན་མཆོག་རྒྱ་གར་ནག་སྤུར་ནང་པའི་ཆོས་ཚོགས་ཀྱི་མགྲོན་འབོད་ལྟར་ཕེབས་ནས་བོད་དོན་གཏམ་བཤད་གནང་འདུག

སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྒྱ་གར་ནག་སྤུར་ནང་གཏམ་བཤད་གནང་བཞིན་པ། ༢༠༡༧།༢།༨ tibet.net

སྤྱི་འཐུས་ཚོགས་གཞོན་མཆོག་རྒྱ་གར་ནག་སྤུར་ནང་པའི་ཆོས་ཚོགས་ཀྱི་མགྲོན་འབོད་ལྟར་ཕེབས་ནས་བོད་དོན་གཏམ་བཤད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཉེ་ཆར་ཕྱི་ཚེས་༨་ཉིན་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་ནག་སྤུར་ནང་པའི་མཐུན་ཚོགས་ཀྱིས་མགྲོན་འབོད་གནང་བ་ལྟར། ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ཡོད་སའི་ས་ཆར་ལྷ་ཁང་ཞིག་གསར་བཞེངས་གནང་ནས་ལོ་༡༠་འཁོར་བའི་དུས་དྲན་སྲུང་བརྩིའི་སྐུ་མགྲོན་དུ་བཅར་གནང་འདུག
སྤྱི་འཐུས་ཚོགས་གཞོན་མཆོག་གིས་མཛད་སྒོའི་སྐབས། བོད་ནང་གི་གནས་སྟངས་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་མཛད་འཕྲིན་དང་ཐུགས་ཀྱི་དགོངས་གཞི། ལྷག་པར་ནང་པའི་རྒྱལ་ཁབ་ཕན་ཚུན་མཐུན་སྒྲིལ་གནང་དགོས་པ། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ནང་པའི་རྒྱལ་ཁབ་སྤྱི་ཡོངས་ནས་ཐུགས་སྣང་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གྱི་གསུང་བཤད་གནང་འདུག
མཛད་སྒོ་དེ་བཞིན་ཆོས་ཕྱོགས་དང་འབྲེལ་བའི་ལས་རིམ་ཞིག་ཡིན་པའི་ཐོག་རྒྱལ་ཁབ་གཞན་གྱི་སྐུ་ཚབ་ཀྱང་མང་པོ་ཕེབས་ཡོད་པ་རེད།
དེ་ནས་ཕྱི་ཚེས་༩་ཉིན་ནང་པའི་སློབ་གཉེར་ཁང་ཞིག་གི་དབུ་འབྱེད་མཛད་སྒོའི་ཐོག་བཅར་གནང་སྟེ། བོད་ནང་གི་སློབ་མའི་གནས་སྟངས་དང་། བོད་མིའི་སྤྱི་ཚོགས་ཀྱི་གནས་བབས་ཐོག་གསུང་བཤད་གནང་པ་དང་། སྐབས་དེར་སྐུ་མགྲོན་ཡོངས་ལ་བོད་མིའི་ཚབ་ཞུས་ཏེ་འཚམས་འདྲི་གནང་ཡོད་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org