ཕྱི་ལོ་གསར་པར་བོད་མིས་ལས་འགུལ།

ཕྱི་ཟླ་དང་པོའི་ཚེས་༡ནས་བཟུང་དུས་ཡུན་ཟླ་བ་གཅིག་གི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་རྒྱ་གར་རྒྱལ་ཡོངས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་རེད་འདུག

༄༅།    །དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱིས་སྣེ་ཁྲིད་འོག་ ཕྱི་ཚེས་༡ནས་བཟུང་ རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་ཏུ་ “བོད་མིའི་གནས་སྟངས་ཞུ་གཏུག” ཅེས་པའི་ལས་འགུལ་ཞིག་མགོ་འཛུགས་རྒྱུ་ཡིན་པ་རེད་ ལས་འགུལ་དེའི་ཐོག་ ཕྱོགས་བཞུཊ་སྤྱི་འཐུས་ ༡༨ དང་། ས་གནས་འབྲེལ་ཡོད་བོད་མི་ ༡༢༠ ཙམ་གྱིས་མངའ་སྡེ་ཁག་གི་སྲིད་སྐྱོང་དང་།    སྤྱི་ཁྱབ་བློན་ཆེན།     གྲོས་ཚོགས་ཀྱི་ཚོཊ་གཙོ་དང་།    འཐུས་མིོའི་ལས་ཁུངས་བཅས་སུ་དོན་ཚན་ ༢ ཅན་གྱི་འབོད་སྐུལ་ཞུ་ཡིག་འབུལ་རྒྱུ་ཡིན་འདུག་ལ། ཞུ་ཡིག་དེ་བཞིན་ས་གནས་རྒྱ་གར་གྱི་ཡུལ་སྐད་ནང་ཕབ་བསྒྱུར་གྱིས། མི་མང་ནང་འགྲེམས་སྤེལ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ས་གནས་ཁག་ཏུ་གསར་འགོད་གསལ་བསྒྲཊ། གནད་ཡོད་མི་སྣ་གདན་ཞུས་ཀྱི་བོད་དོན་གཏམ་བཤད་བཅས་སྤེལ་རྒྱུ་ཡིན་འདུག
ཞུ་གཏུགས་ཀྱི་ལས་འགུལ་དེ་བཞིན་རྒྱུན་ལས་སྤྱི་འཐུས་རྣམ་པ་དང་ ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་ཚོའི་སྣེ་འཁྲིད་འོག  རྒྱ་ལྷོ་ཕྱོཊ་ཁུལ་དང་། བྱང་ཤར།  དེ་བཞིན་བྱང་ཕྱོགས་ཁུལ་བཅས་ཁག་གསུམ་ནས་སྤེལ་གནང་རྒྱུ་ཡིན་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org