བོད་ཀྱི་དཀའ་ངལ་སེལ་ཐབས་ནི་དམངས་གཙོའི་ལམ་ལུཌ་ཡིན།

བཀའ་བློན་ཁྲི་པ་མཆོག་གིས་བོད་ཀྱི་དཀའ་ངལ་སེལ་ཐབས་ནི་དམངས་གཙོའི་ལམ་ལུགས་ཁོ་ན་ཡིན་པ་གསུངས་ཡོད་པའི་གནས་ཚུལ།

༅༎རེས་གཟའ་ཕུར་བུའི་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་ནང་དུ་ཚོགས་པའི་ལྷན་ཚོགས་ཤིག་གི་ཐོག་བོད་ཀྱི་དཀའ་ངལ་སེལ་ཐབས་ནི་དམངས་གཙོའི་ལམ་ལུགས་་ཁོ་ན་ཡིན་པ་གསུངས་ཡོད་པ་རེད།
དེ་ཡང་རྒྱ་གར་ནུབ་བྱང་མངའ་སྡེ་ ཧ་རི་ཡ་ནའི་གྲོང་ཁྱེར་ སོ་ནི་པེཊ ནང་དུ་་ ཇིན་ཌལ་ རྒྱལ་སྤྱིའི་ལས་དོན་མཐོ་རིམ་སློབ་གཉེར་ཁང་གིས་གོ་སྒྲིག་གནང་བའི་ལྷན་ཚོགས་ཐོག་ལ་འདུ་འཛོམས་བྱུང་བའི་སློབ་ཕྲུག་དང་ལས་བྱེད་པ་ཚོར་བཀའ་བློན་ཁྲི་པ་མཆོག་གིས་གཏམ་བཤད་གནང་བའི་སྐབས། བཙན་བྱོལ་བོད་གཞུང་གིས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་བཞིན་པ་དེ་ནི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་འབད་བརྩོན་བྱེད་པ་ཡིན་ཞིང༌། དབུ་མའི་ལམ་གྱི་ཐབས་ལམ་དེ་ནི་བོད་རྒྱའི་དཀའ་རྙོགས་སེལ་ཐབས་སུ་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པའི་སྐོར་དང༌། ད་དུང་གལ་ཏེ་རྒྱ་ནག་ཕྱོགས་ནས་བོད་ནང་དུ་རིག་གཞུང་དང་ཆོས་དད་རང་དབང་གི་ཐོབ་ཐང་ཆེ་ཙམ་སྤྲོད་པ་དང་བོད་ལ་དམངས་གཙོའི་གཞུང་ཞིག་བྱུང་ན། དེ་ཡིས་བོད་ཀྱི་དཀའ་ངལ་སེལ་ཐུབ་རྒྱུ་རེད་ཅེས་གསུང་པ་དང་ཆབས་ཅིག་རྒྱ་གར་གྱི་དམངས་གཙོའི་ལམ་ལུགས་ལ་བསྔག་བརྗོད་ཀྱང་གནང་ཡོད་པ་རེད། དེ་ཡང་ཁོང་གིས་གསུང་པར། རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཕྱོགས་ནས། རྒྱ་གར་གྱི་དམངས་གཙོའི་ལམ་ལུགས་ལ་ཡིད་སྨོན་དང་དེ་ལྟ་བུ་ཞིག་བོད་ནང་དུ་ཡོང་རྒྱུའི་བློ་སྟོབས་འཕེལ་བཞིན་ཡོད་པ་དང༌། བོད་མི་ཚོའི་ངོས་ནས། རྒྱ་གར་དམངས་གཙོ་ཅན་ཏུ་གྱུར་བའི་བརྒྱུད་རིམ་གྱི་ནང་གི་གལ་གནད་མང་པོ་ཞིག་ལེགས་ཆ་བླངས་ཏེ་བཙན་བྱོལ་ནང་ལག་བསྟར་བྱེད་བཞིན་ཡོད་པ་དང༌། བཙན་བྱོལ་ནང་དུ་དམངས་གཙོའི་ལམ་ལུགས་ཀྱི་འཕོ་འགྱུར་དང་མདུན་བསྐྱོད་ཆེན་པོ་བྱེད་བཞིན་པའི་གནས་སྟངས་དང༌། བོད་ནང་དུ་རྩ་དོན་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་འཐབ་རྩོད་བྱེད་བཞིན་པའི་གནས་སྟངས་དེ་གཉིས་ཀྱིས་འཛམ་གླིང་ཐོག་ལ་སེམས་འགུལ་་དང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།།


2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org