བོད་ནང་གངས་སྐྱོན་ཕོག་པའི་མིའི་གྲངས་འབོར་མང་དུ་ཕྱིན་པ།
བོད་ཀྱི་ལྷོ་ཁ་མངའ་ཁུལ་གྱི་ལྷུན་ཙེ་དང་མཚོན་ཆ་ས་ཁུལ་དུ་གངས་སྐྱོན་ཚབས་ཆེ་ཕོག་ནས་ད་བར་མི་གྲངས་དགུ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
-
2008-11-01 -
-
-
༄༅༎བོད་ཀྱི་ལྷོ་ཁ་མངའ་ཁུལ་གྱི་ལྷུན་ཙེ་དང་མཚོན་ཆ་ས་ཁུལ་དུ་གངས་སྐྱོན་ཚབས་ཆེ་ཕོག་ནས་ད་བར་མི་གྲངས་དགུ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ད་དུང་མི་གྲངས་རྒྱ་གྲངས་རྩད་རྙེད་མ་ཐུབ་པར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག
བོད་ཀྱི་ལྷོ་ཕྱོགས་ཁུལ་དུ་གཟའ་ཉི་མ་ནས་འགོ་བཙུགས་ཏེ་ལོ་རྒྱུས་ཐོག་མཐོང་དཀོན་པའི་གངས་སྐྱོན་བྱུང་ནས་འབྲོག་པའི་ས་ཁུལ་མང་པོ་ཞིག་ལ་གངས་སྐྱོན་གྱི་གནོད་འཚེ་ཕོག་ཡོད་པ་དང་ལྷག་པར་དུ་ལྷོ་ཁའི་ཁུལ་གྱི་ལྷུན་རྩེ་དང་མཚོན་ཆ་རྫོངས་ཁོངས་སུ་གངས་སྐྱོན་གྱི་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཡོད་ཅིང་གངས་སྐྱོན་གྱིས་གོ་ཕྱུག་སེམས་ཅན་ཁྲི་བཅུ་བཞི་དང་ལྔ་སྟོང་ལྷག་ཤི་ཡོད་པ་དང་ཁང་པ་མང་པོ་རྡིབ་སྐྱོབ་བྱུང་ནས་མི་མང་པོ་ཞིག་གྲང་ངར་གྱི་ཁྱགས་ཤི་ཐེབས་པ་འམ་ཡང་ན་ཁང་པ་རྡིབ་སྐྱོན་བྱུང་བའི་འོག་ལུས་ནས་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ཡིན་ནའང་ད་ལྟའི་ཆར་གངས་སྐྱོན་གྱིས་ས་གནས་དེའི་ནང་དཔལ་འབྱོར་གྱི་གྱོང་གུན་ག་ཚོད་ཕོག་ཡོད་མེད་ཚོད་རྩིས་བྱེད་བཞིན་ཡིན་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག