༸གོང་ས་མཆོག་ཨ་རིར་ཆོས་འབྲེལ་ཆིབས་བསྒྱུར།

༸གོང་ས་མཆོག་ཨ་རིའི་མངའ་སྡེ་དྲུག་ནང་ཆོས་ཕྱོགས་མཛད་འཕྲིན་ཆེད་ཞབས་སོར་འཁོད་པ།

༄༅༎དེ་རིང་ཕྱི་ཟླ་༡༠་ཚེས་༨་ཉིན་བོད་མིའི་ཆོས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་དྲུག་ནང་ཆོས་ཕྱོཊ་ཀྱི་མཛད་འཕྲིན་སྐྱོང་ཆེད་ཨ་རིའི་ནང་ཞབས་སོར་བདེ་བར་འཁོད་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡ པའི་ཐོག་༸གོང་ས་མཆོག་བཞུཌ་སྒར་ཁུལ་གྱི་སེར་སྐྱ་མང་ཚོཊ་ཀྱིས་ཕེབས་སྐྱེལ་ཁྲོད་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་། ཕྱི་ཚེས་ ༧ ཉིན་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཞབས་སོར་བདེ་བར་འཁོད་ཡོད་འདུག
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་༡༠་ཚེས་༨ནས་བཟུང་ཨ་རིའི་ཤར་ཕྱོགས་མངའ་སྡེ་ཁག་ཅིག་ནང་མཛད་འཕྲིན་བསྐྱངས་གནང་གི་ཡོད་པ་དང་།  ཐོག་མར་ནིའུ་ཡོག་མངའ་སྡེའི་Syracuse ཞེས་པའི་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་བ་འདེབས་པ་བཞིན་དེ་རིང་ཞི་བདེ་གླེང་སྟེགས་ཞེས་པའི་འདུ་འཛོམས་ཀྱི་ཐོག་མཉམ་ཞུགས་གནང་གི་ཡོད་པ་དང་།   ལྷན་ཚོགས་དེའི་ཐོག་ཕྱི་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་གི་ཡོད་འདུག  ཡང་སང་ཉིན་ཚེས་༩ཉིན་Syracuse མཐོ་སློབ་ནང་ འཛམ་གླིང་ནང་ཆིག་སྒྲིལ་གྱི་ཐོག་ནས་རྩོད་རྙོག་འདུམ་འགྲིག་བྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག  དེ་ནས་ཚེས་༩ཉིན་ཨ་རིའི་ཝིར་ཇི་ནི་ཡ་མངའ་སྡེའི་ནང་གི་William and Mary མཐོ་སློབ་ཁང་དུ་བྱམས་བརྩེའི་སྐོར་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་འདུག།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ཕྱི་ཚེས་༨ ནས་ ༢༡ ཉིན་བར་ཨ་མི་རི་ཀའི་ནང་ གཙོ་བོ་ས་གནས་མང་ཚོཊ་ལ་འཛམ་གླིང་ཞི་བདེ་དང་ཆོས་ལུཌ་འཆམ་མཐུན། ཆོས་དང་མ་འདྲེས་པར་འཛམ་གླིང་ཧྲིལ་པོའི་ཀུན་སྤྱོད་ཡར་རྒྱས་གཏོང་ཕྱོཌ། ཨ་རབ་ཀྱི་དཔྱིད་ཀ་སོཌ་བརྗོད་གཞི་འདྲ་མིན་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་པ་མ་ཟད།  མང་ཚོཌ་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་མ་སོཊ་བཀའ་ཁྲིད་གནང་རྒྱུའི་མཛད་འཆར་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org