བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཕེབས་རྒྱུ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་རྗེས་མར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཆིབས་བསྒྱུར་གནང་འཆར་ཡོད་འདུག
-
2015-01-15 -
-
-
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་རྗེས་མར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཆིབས་བསྒྱུར་གནང་འཆར་ཡོད་འདུག
དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་མཁོ་སྤྲོད་གནང་བར་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ཕྱི་ཟླ་གཉིས་པའི་ཚེས་ཤར་ལ་འདི་ག་རྒྱལ་ས་ཝ་ཤིན་ཀྲོན་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག་པ་དང་། མཛད་འཆར་གཞིར་བཟུང་ལྟར་ན། སྤྱི་ཟླ་༢བའི་ཚེས་གསུམ་ནས་ལྔ་བར་ཉིན་གྲངས་གསུམ་བཞུགས་རྒྱུན་རིང་། ཆེས་མཐོའི་ལྷན་ཚོགས་National Prayer Breakfast ཞེས་སྔ་དྲོའི་གསོལ་སྟོན་དུ་ཆིབས་བསྒྱུར་གནང་རྒྱུ་དང་། ཚེས་བཞི་ཉིན་གོང་ཞུས་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་མཁན་ཆེ་མཐོའི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་གི་ཡོད་འདུག
རིང་མིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཉམ་ཞུགས་གནང་རྒྱུའི་National Prayer Breakfastཞེས་པའི་སྔ་དྲོའི་གསོལ་སྟོན་གྱི་ལྷན་ཚོགས་འདི་བཞིན་འདི་ག་རྒྱལ་སའི་མངའ་ཁུལ་དུ་ཚོགས་ཐེངས་དྲུག་ཅུ་རེ་གཉིས་པ་དེ་ཡིན་པ་དང་། རྒྱུན་ཏན་ནས་ལྷན་ཚོགས་འདིའི་ནང་། ཨ་རི་མངའ་སྡེ་ལྔ་བཅུ་དང་། ཕྱིའི་རྒྱལ་ཁབ་༡༤༠ཙམ་ནས་ཆེ་མཐོའི་མི་སྣ་དང་། སྐུ་ཚབ་༣༢༠༠ཙམ་མཉམ་ཞུགས་གནང་སྲོལ་ཡོད་པ་ཞིག་ཡིན་པ་དང་། གསོལ་སྟོན་དེའི་སྐབས་ཨ་རིའི་སྲིད་འཛིན་མཆོག་གི་གསུང་བཤད་གནང་གི་ཡོད་ལུགས་གོང་ཞུས་གོ་སྒྲིག་ཞུ་མཁན་གྱི་ལྷན་ཚོགས་ཀྱི་དྲ་རྒྱའི་ནང་དུ་བཀོད་འདུག ཡང་མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ཟླ་གཉིས་པའི་ཚེས་ལྔ་ཉིན་American Universityགཙུག་ལག་ཁང་དུ་མང་ཚོགས་ལ་གསུང་བཤད་གནང་བའི་སྐབས་། ཨ་རིའི་ནང་གནས་སྡོད་ཁ་ཆེའི་མི་རིགས་ཚོའི་སྐུ་ཚབ་ཁག་ཅིག་དང་བགྲོ་གླེང་གྱི་ལས་རིམ་ནང་མཉམ་ཞུགས་གནང་རྒྱུའི་མཛད་འཆར་ཡོད་འདུག
ཡང་དགའ་ལྔན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ནང་གི་མཛད་འཆར་གཞིར་བཟུང་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་མཛད་འཕྲིན་ཁག་གྲུབ་གནང་བའི་རྗེས་སུ་།
ཕྱི་ཟླ་གཉིས་པའི་ཚེས་བདུན་ཉིན་སུད་སིའི་ནང་ཆིབས་བསྒྱུར་གནང་ཏེ་ཁུལ་དེར་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ་གསུང་བཤད་གནང་གི་ཡོད་པ་དང་། དེ་ནས་རིམ་པས་ཊན་མག་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུ་བཅས་ཕྱི་ཟླ་གཉིས་པའི་ནང་གི་མཛད་འཆར་ཁག་བཀོད་ཐོན་བྱུང་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།