༧གོང་ས་མཆོག་གིས་གྲོང་ཁྱེར་སྤྱི་ཁྱབ་སུམ་བརྒྱ་ལྷག་ལ་བཀའ་སློབ།

༧གོང་ས་མཆོག་དབུ་བཞུཊ་ཐོག་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་བརྒྱ་ཕྲག་ཁ་ཤས་དང་གཞས་མ་གྲགས་ཅན་ལེ་ཊེ་གྷ་གྷ་སོགས་ལྷན་བགྲོ་གླེང་ལྷན་ཚོགས་གནང་རྒྱུ།

༧གོང་ས་མཆོག་དང་ཨ་མི་རི་ཀའི་གཞས་མ་དང་སྒྱུ་རྩལ་བ་གྲགས་ཅན་ལེ་ཊེ་གྷ་གྷ། (བསྒྲིགས་བཟོ་བྱས་བ) པར་ཚགས།

ཨ་རིའི་ནང་གི་གྲོང་ཁྱེར་སྤྱི་ཁྱབ་པའི་ལྷན་ཚོགས་ཐེངས་༨༤་པའི་ཐོག་༧གོང་ས་ སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་མི་རི་ཀའི་གཞས་མ་དང་སྒྱུ་རྩལ་བ་ གྲགས་ཅན་ལེ་ཊེ་གྷ་གྷ་དང་ལྷན་དུ་བགྲོ་གླེང་ལྷན་ཚོགས་ཤིག་གནང་རྒྱུ་ཡིན་པ་རེད།
དེ་ ཡང་ཨ་རིའི་གསར་གནས་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱནས་མགོན་ཆེན་པོ་མཆོག་ དང་། ཨ་མི་རི་ཀའི་གཞས་མ་གྲགས་ཅན་ལེ་ཊེ་གྷ་གྷ་ལྷན་ཞུགས་ཐོག ཕྱི་ཟླ་༦་ཚེས་༢༦་ཉིན། ཨ་རིའི་གྲོང་ཁྱེར་Indianapolis་རུ་ཚུགས་རྒྱུའི་གྲོང་ཁྱེར་སྤྱི་ཁྱབ་པའི་ལོ་ རེའི་ཚོགས་ཆེན་ཐོག་བགྲོ་གླེང་གསུང་བཤད་གནང་རྒྱུ་ཡིན་འདུག་ཅིང་། ཨ་རིའི་གྲོང་ཁྱེར་༣༠༠་ལྷག་གི་སྤྱི་ཁྱབ་པ་ལྷན་ཚོགས་དེའི་ནང་ཞུགས་རྒྱུའི་ཚོད་ དཔག་བྱེད་བཞིན་ཡོད་པ་རེད།
སྐབས་དེར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ གྲོང་ཁྱེར་གྱི་ས་གནས་ཁག་བྱམས་བརྩེའི་གྲོང་ཁྱེར་ཅན་དུ་མིང་བསྒྱུར་གྱིས་བྱམས་ བརྩེ་ལག་བསྟར་བྱེད་ཚེ། དེས་གོ་ལ་སྤྱིའི་ཐོག་ལ་གནད་འགག་དང་ཤུགས་རྐྱེན་ཇི་ཐེབས་ཀྱི་བརྗོད་གཞིའི་ཐོག་ གསུང་བཤད་གནང་རྒྱུ་རེད། ལྷན་ཚོགས་ཐོག་༧གོང་ས་མཆོག་གི་གསུངས་བཤད་གནང་རྗེས་ལེ་ཊེ་གྷ་གྷ་LadyGaga་དང་ ལྷན་བཞུགས་ཀྱིས་དྲི་བར་དྲི་ལན་གྱི་ལས་རིམ་ཞིག་གནང་རྒྱུ་དང་། ལས་རིམ་དེ་ཨ་རིའི་NBC་གསར་འགོད་པ་ཟུར་བ་ལྕམ་AnnCurry་ལགས་ཀྱིས་མདོ་འཛིན་ གནང་རྒྱུ་ཡིན་པ་བརྗོད་འདུག།
མཛད་འཆར་དེའི་རྗེས་སུ་ཨ་རིའི་དམངས་གཙོ་ ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལེ་རི་མཆོག་གིས་ཀྱང་ཚོགས་བཅར་བ་ཚོར་གཏམ་ བཤད་གནང་རྒྱུ་ཡིན་པ་རེད་འདུག མཛད་འཆར་དེ་གཟའ་ཉི་མའི་ཉིན་Indianapolis་གྲོང་ཁྱེར་གྱི་J.W.Marriott་མགྲོན་ ཁང་དུ། ཨ་རིའི་མི་དམངས་དཀྱུས་མ་ཚོ་མཉམ་ཞུགས་མེད་པའི་ཐོག་ནས་ཚོགས་རྒྱུའི་མཛད་འཆར་ ཞིག་རེད་འདུག ད་ཐེངས་ཀྱི་ལྷན་འཛོམས་དེ་མ་རན་སྔོན་དུ་གཞས་མ་དང་སྒྱུ་རྩལ་བ་གྲགས་ཅན་ལེ་ཊེ་ གྷ་གྷ་LadyGaga་ཡིས་སྤྱི་ཚོགས་འབྲེལ་འཐུད་དྲ་ལམ་བརྒྱུད་ནས་འགྲོ་བ་མིའི་ བཟོས་པའི་དཀའ་རྙོག་དེ་འགྲོ་བ་མིའི་སེལ་དགོས་པ་དང་། འགྲོ་བ་མིའི་གཞི་རྩའི་གཤིས་ཀ་དེ་བྱམས་སྙིང་རྗེ་ལྡན་པ་ཞིག་ཡིན་པས་དེ་ནི་ང་ ཚོའི་རེ་བའི་འབྱུང་རྩ་རེད་ཅེས་༧གོང་ས་རྒྱལ་བ་རིན་པོ་ཆེིས་གསུངས་ལུང་འདྲེན་ གྱིས་བརྒྱུད་སྤེལ་བྱས་འདུག།

གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org