༧གོང་ས་མཆོག་གི་སོག་ཡུལ་གྱི་ཆིབས་བསྒྱུར་ཕྱིར་འཐེན་གནང་བ།

རྒྱ་ནག་གི་གནོན་ཤུགས་རྐྱེན་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཕྱིར་འཐེན་གནང་ཡོད་འདུག

སོག་ཡུལ་དུ་༧གོང་ས་མཆོག་ཆིབས་བསྒྱུར་ལ་གྲ་སྒྲིག་གི་རྣམ་པ། ༢༠༡༡ དྲ་བཤུས Sue Byrne

རྒྱ་ནག་གི་གནོན་ཤུགས་རྐྱེན་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཕྱིར་འཐེན་གནང་ཡོད་འདུག
དེ་ཡང་སྤྱི་ཚེས་༢༠་ཉིན་BBC་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་གཞིགས་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སོག་ཡུལ་ལ་འདི་ལོ་སྤྱི་ཟླ་༨ནང་ཆིབས་བསྒྱུར་བསྐྱང་རྒྱུར་སོག་ཡུལ་གྱི་ནང་ཆོས་དད་ལྡན་པ་ཚོས་ལོ་འདིའི་ལོ་སྟོད་དུ་གྲ་སྒྲིག་བྱེད་བཞིན་ཡོད་ན་ཡང་ད་ལམ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཐེངས་དགུ་པ་ཆིབས་བསྒྱུར་མཛད་འཆར་དེ་རྒྱ་ནག་གི་སྲིད་འཛིན་སོག་ཡུལ་དུ་གཟིགས་སྐོར་གནང་རྒྱུའི་ཟླ་བ་གཅིག་གི་དུས་ཚོད་ནང་གཅིག་པ་འཁེལ་གྱི་ཡོད་པ་བརྟེན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆིབས་བསྒྱུར་དེ་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་རེད་འདུག དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གཟའ་པ་སངས་ཉིན་སོག་ཡུལ་དུ་ཉིན་གཉིས་རིང་གཟིགས་བསྐོར་གནང་རྒྱུ་ཡིན་པ་བརྟེན་རྒྱ་ནག་གིས་སོག་ཡུལ་ལ་དཔལ་འབྱོར་གནོན་ཤུགས་སྤྲད་པའི་འོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆིབས་བསྒྱུར་ཕྱིར་འཐེན་གནང་དགོས་བྱུང་བ་གནས་ཚུལ་སྤེལ་འདུག
ཡང་གནས་ཚུལ་དེའི་ནང་བརྗོད་དོན། སོག་ཡུལ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་དང་ཆེ་མཐོང་བླ་ན་མེད་པ་ཡོད་ཅིང་། ད་བར་དུ་གང་ཉིད་སོག་ཡུལ་དུ་ཐེངས་༩ཙམ་ཕེབས་ཡོད་པ་རེད། ༢༠༡༡ལོ་ཕེབས་སྐབས་སུ་རྒྱ་ནག་གིས་སོག་ཡུལ་ལ་ངོ་རྒོལ་ཤུགས་ཆེ ་བྱས་ཡོད་པ་རེད། སོག་ཡུལ་གྱི་སྲིད་འཛིན་Tsakhiagiin Elbegdorjགྱིས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་འདི་ལོ་སྤྱི་ཟླ་༥པ་ནང་ཧྲང་ཧད་དུ་མཇལ་ཕྲད་སྐབས་སུ་སོག་ཡུལ་དུ་གདན་ཞུ་བྱས་པ་དང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ངོས་ནས་སོག་པོ་ནི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཡག་པོ་ཞིག་ཡིན་པའི་ཆ་ནས་ཕྱོགས་ཕན་ཚུན་གྱི་རྩ་དོན་ལ་རྒྱབ་ སྐྱོར་བྱེད་རེས་བྱེད་དགོས་པ་རེད་ཅེས་བརྗོད་ཡོད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org