ཇོ་ནང་དང་བོན་ཚུད་པའི་ཆོས་བརྒྱུད་ཁག་གི་སྐུ་ཚབ་མཉམ་ཞུགས་གནང་འདུག

ཇོ་ནང་དང་བོན་ཚུད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་སོག་ཡུལ་ནང་ཚོགས་པའི་ཞི་བདེའི་ཆེད་ཀྱི་ཨེ་ཤེ་ཡ་ནང་པའི་ཆོས་ལུགས་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་ཡོད་འདུག

ཇོ་ནང་དང་བོན་ཚུད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་སོག་ཡུལ་ནང་ཚོགས་པའི་ཞི་བདེའི་ཆེད་ཀྱི་ཨེ་ཤེ་ཡ་ནང་པའི་ཆོས་ལུགས་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་སྐབས། ༢༠༡༩།༦།༢༤ OOT, Moscow

ཇོ་ནང་དང་བོན་ཚུད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་སོག་ཡུལ་ནང་ཚོགས་པའི་ཞི་བདེའི་ཆེད་ཀྱི་ཨེ་ཤེ་ཡ་ནང་པའི་ཆོས་ལུགས་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་ཡོད་འདུག
སོག་པའི་རྒྱལ་ས་ཨུ་ལན་བ་ཐོའི་ནང་ཕྱི་ཚེས་༢༡ནས་༢༤བར་ཚོགས་པའི་ཞི་བདེའི་ཆེད་ཀྱི་ཨི་ཤེ་ཡའི་ནང་པའི་ལྷན་ཚོགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་ཚོགས་ཞུགས་གནང་རྒྱུར། རྒྱ་ནག་གི་གནོན་ཤུགས་འོག་ཕྱིར་འཐེན་གནང་དགོས་བྱུང་ཡོད་ཀྱང་བོད་ཀྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་མི་ཉུང་བ་ཞིག་ཞི་བདེའི་ཆེད་ཀྱི་ཨེ་ཤེ་ཡའི་ནང་པའི་ལྷན་ཚོགས་དེའི་ཐོག་ཚོགས་ཞུགས་གནང་ཐུབ་ཡོད་ཅིང་། བོད་ཀྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ་ཀྱི་སྣེ་ཁྲིད་གནང་མཁན་གནས་ཆུང་སྐུ་རྟེན་དང་། དེ་བཞིན་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཚན་ཐོག་ནས་ལྷན་ཚོགས་ཐོག་ཚོགས་བཞུགས་གནང་ཡོད་པའི་ཁར། ལྷན་ཚོགས་ཐོག་༧གོང་ས་མཆོག་གིས་ལྷན་ཚོགས་ལ་གནང་བའི་གསུང་འཕྲིན་ཡང་སྒྲོག་སྦྱང་ཞུས་ཡོད་འདུག
ཞི་བདེའི་ཆེད་ཀྱི་ཨེ་ཤེ་ཡའི་ནང་པའི་ལྷན་ཚོགས་ཉིན་གསུམ་འཚོགས་པའི་རིང་། ཚོགས་པའི་སྒྲིག་སྲོལ་དང་གཏན་འབེབས་ཁག་ཅིག་ལ་འགྱུར་བ་གཏོང་རྒྱུ་སོགས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད། ཞི་བདེའི་ཆེད་ཀྱི་ཨེ་ཤེ་ཡའི་ནང་པའི་ལྷན་ཚོགས་དེ་བཞིན་ཐོག་མར་༡༩༦༩་ལོར་དུས་རབས་ཉི་ཤུའི་ནང་སྙན་གྲགས་ཆེ་བའི་སོག་པོའི་མཁན་པོ་(Samagiin)་དང་།  རུ་སུའི་མཁན་པོ་བྱིན་པ་རྡོ་རྗེ་བ་ཀུ་ལ་རིན་པོ་ཆེ་བཅས་དགེ་བའི་བཤེས་གཉེན་རྣམ་པ་གསུམ་ཨུ་རུ་སུའི་(Siberia)ལྷན་འཛོམས་ཀྱིས་ཨེ་ཤེ་ཡའི་ཁུལ་དུ་ཁུལ་དེའི་ནང་ཞི་བདེ་དང་འཆམ་མཐུན།  སྙིང་རྗེ་སྐྲུན་རྒྱུའི་དམིགས་ཡུལ་བཟུང་ནས་ཁུལ་དེའི་ནང་ནང་པའི་ལྷན་ཚོགས་ཤིག་བཙུགས་རྒྱུའི་བཀའ་བསྡུར་གནང་ཏེ་ལྷན་ཚོགས་ཐོག་མར་ཙུགས་ཡོད་པ་དང་། ལྷན་ཚོགས་ཀྱི་དམིགས་ཡུལ་ནང་ཨེ་ཤེ་ཡའི་ཁུལ་དུ། ཞི་བདེ་དང་འཆམ་མཐུན་བདེ་སྐྱིད་དང་སྙིང་རྗེ་སྐྲུན་ཐབས་ཆེད་ཡིན་ཞིང་།  ད་བར་ལྷན་ཚོགས་དེའི་ཚོགས་འདུ་ཐེངས་བཅུ་གཅིག་འཚོགས་ཡོད་པ་རེད་། ༡༩༧༤ལོར་ལྷན་ཚོགས་ཐེངས་གསུམ་པ་ཚུགས་པའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧ཞབས་སོར་འཁོད་གནང་མཛད་ཡོད་པ་དང་ཆབས་ཅིག་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡང་ལྷན་བཞུགས་གནང་ཡོད་ཅིང་། དེའི་རྗེས་ཀྱི་ལྷན་ཚོགས་སུ་༧གོང་ས་མཆོག་གི་སྐུ་ཚབ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཉམ་བཞུགས་གནང་ཡོད་པ་དང་། ད་ལོའི་ལྷན་ཚོགས་ཐེངས་བཅུ་གཅིག་པའི་ཐོག་༧གོང་ས་མཆོག་གི་སྐུ་ཚབ་སུ་ཏེ་ལོ་རིན་པོ་ཆེ་ལྷན་ཚོགས་ཐོག་ལྷན་བཞུགས་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org