བོད་མི་རྣམས་བོད་ལ་ཕྱིར་ལོག་རྒྱུའི་ཉི་མ་ཤར་རྒྱུ་ཡིན་པ་གསུངས།
༧གོང་ས་མཆོག་གིས་Denmarkལ་ས་གནས་དང་ཡོ་རོབ་ཀྱི་ཡུལ་གྲུ་གཞན་ནས་བཅར་པའི་བོད་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་གནང་འདུག
-
2015-02-11 -
-
-
༧གོང་ས་མཆོག་གིས་Denmarkལ་ས་གནས་དང་ཡོ་རོབ་ཀྱི་ཡུལ་གྲུ་གཞན་ནས་བཅར་པའི་བོད་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་གནང་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁ་ས་ཕྱི་ཚེས་༡༠་ཉིན་Denmarkཡི་རྒྱལ་ས་Copenhagenནང་ཞབས་སོར་བདེ་བར་འཁོད་གནང་མཛད་པའི་རྗེས་སུ་ས་གནས་དང་ཡོ་རོབ་ཀྱི་ཡུལ་གྲུ་གཞན་ཁག་ནས་ཆེད་བཅར་ཞུས་པའི་བོད་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་པ་དང་། ༧གོང་ས་མཆོག་གིས། རྒྱ་མིས་རང་གི་རིག་གཞུང་ལ་དགའ་པོ་བྱེད་ཀྱི་ཡོད་པ་བཞིན་དུ་བོད་མི་རྣམས་ཀྱིས་ཀྱང་རང་གི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པར་དགའ་པོ་ཡོད་སྟབས་དེ་དག་མི་ཉམས་བརྒྱུད་འཛིན་དང་ཉམས་པ་སླར་གསོ་ཐུབ་ཐབས་གནང་གི་ཡོད་སྐོར་བཀའ་གནང་བ་མ་ཟད། རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་པ་དང་བོད་མི་རྣམས་ཀྱང་རང་གི་ཕ་ཡུལ་བོད་ལ་ཕྱིར་ལོག་རྒྱུའི་ཉི་མ་ཤར་རྒྱུ་ཡིན་པ་དང་། བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་མི་རྣམས་ཀྱིས་ལས་ཀ་ལྷུར་ཐག་བྱས་དང་བྱེད་བཞིན་པའི་སྟབས་ཀྱིས་སྐྱིད་པའི་ཉི་མ་ཤར་རྒྱུ་ཡིན་པས་བོད་མི་རྣམས་སེམས་ཤུགས་ཆགས་མི་དགོས་པའི་བཀའ་སློབ་ཀྱང་བསྩལ་འདུག དེ་རྗེས་༧གོང་ས་མཆོག་གིས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ནས་འདུས་པའི་Trondheim་ནང་པའི་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་སྐབས་ཁོང་རྣམས་ལ་དུས་རབས་༢༡་པའི་ནང་པ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སོགས་བསྩལ་གནང་བ་དང་། ༧གོང་ས་མཆོག་གིས་ཁ་ས་ཚེས༡༠ཉིན་རྒྱབ་ལ་ཆིབས་བསྒྱུར་གོ་བསྒྲིགས་ཚོགས་ཆུང་གི་ཚོགས་མི་རྣམས་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་མཇལ་འཕྲད་གནང་སྐབས་བླ་ཀ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་ཟླ་རྣམ་གཉིས་ནས་Denmarkདང་རྒྱ་གར་ནང་སྤྱི་ཚོགས་ཞབས་ཞུ་གང་ལེགས་གནང་བར་བསྔགས་བརྗོད་ཀྱང་མཛད་ཡོད་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཚེ་དབང་ནོར་བུ་ཡིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།