༧གོང་ས་མཆོག་འཛམ་གླིང་གི་རླབས་ཆེན་མི་སྣའི་ཁྲོད་ཨང་དང་པོ།

༧གོང་ས་མཆོག་ཕྱི་ལོ་༢༠༡༥་ལོར་འཛམ་གླིང་མི་མང་གིས་དགའ་མོས་ཆེན་པོ་ཞུ་ཡུལ་རླབས་ཆེན་སྐྱེས་བོ་བརྒྱའི་ཁྲོད་ནས་ཨང་དང་པོར་འདེམས་འདུག

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག དྲ་བཤུས

༧གོང་ས་མཆོག་ཕྱི་ལོ་༢༠༡༥་ལོར་འཛམ་གླིང་མི་མང་གིས་དགའ་མོས་ཆེན་པོ་ཞུ་ཡུལ་རླབས་ཆེན་སྐྱེས་བོ་བརྒྱའི་ཁྲོད་ནས་ཨང་དང་པོར་འདེམས་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༡༥་ལོར་འཛམ་གླིང་མི་མང་གིས་དགའ་མོས་ཆེན་པོ་ཞུ་ཡུལ་རླབས་ཆེན་གྱི་སྐྱེས་བོ་བརྒྱའི་ཁྲོད་ནས་ཨང་དང་པོར་བདམས་ཐོན་བྱུང་འདུག་པས་དེ་ནི་བོད་མི་རྣམས་ཀྱིས་བོད་རྒྱལ་ལོ་༢༡༤༢་ཤིང་ལུག་ལོ་གསར་སྐབས་ཀྱི་གཏམ་བཟང་ཡིན་པར་རྩིས་གནང་གི་འདུག ལོ་ལྟར་དཔྱིད་ཀའི་དུས་སུ་འགྲེམས་སྤེལ་གནང་སྲོལ་ཡོད་པའི་Watkinsmagazineཞེས་དབྱིན་ཡུལ་གྱི་ལུས་སེམས་སྲོག་སེམས་སྐོར་གྱི་དུས་དེབ་ཀྱིས་ད་ལོ་འགྲེམས་སྤེལ་གནང་བའི་ནང་ 100 most Spiritually Influential Living People List of  2015འམ་ད་ལྟ་འཚོ་ཞིང་གནས་པའི་ཆོས་ཕྱོགས་ཐོག་ནས་གཞན་ལ་ཤུགས་རྐྱེན་ཆེན་པོ་གནང་ཐུབ་མཁན་ནམ་འཛམ་གླིང་མི་མང་གིས་དགའ་མོས་ཆེན་པོ་ཞུ་སའི་རླབས་ཆེན་གྱི་སྐྱེས་བོ་བརྒྱའི་ཁྲོད་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨང་དང་པོར་བདམས་ཐོན་བྱུང་འདུག གཞན་ལ་གནོན་ཤུགས་ཆེན་པོ་སྤྲོད་ཐུབ་མཁན་འཛམ་གླིང་ནང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཨང་གཉིས་པ་དེ་ནི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་Pope Francisམཆོག་དང་། ཨང་གསུམ་པ་ནི་ཇར་མ་ནིའི་རྩོམ་པ་པོ་དང་ནང་སེམས་ཀྱི་ཞི་བདེའི་སྐོར་མང་ཚོགས་ལ་སློབ་སྟོན་གནང་ནས་ཕན་འབྲས་ཆེན་པོ་དང་སྐད་གྲགས་ཆེན་པོ་ཆགས་པ་ཇར་མ་ནིའི་ནང་འཁྲུངས་པའི་Eckhart Tolleཨང་བཞི་པ་ནི་ཝེཏ་ནམ་གྱི་ཛན་ཞེས་པའི་ནང་པའི་ཆོས་ལུགས་ཀྱི་བླ་མ་དང་སྙན་ངག་པ་རྩོམ་པ་པོ་མཁས་དབང་ཞི་བདེ་དོན་གཉེར་གནང་མཁན་བླ་མ་Thick Nhat Hanhཨང་ལྔ་པ་ནི་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་Desmond Tutuམཆོག ཨང་དྲུག་པ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་འཁྲུངས་པའི་རྩོམ་པ་པོ་དང་སྨན་པ་གྲགས་ཅན་Deepak Chopraམཆོག  ཨང་བདུན་པ་ནི་ལྷོ་ཨ་མེ་རི་ཀའི་གླིང་ཕྲན་ནང་གི་རྒྱལ་ཁབ་Brazilནང་འཁྲུངས་པའི་རྟོག་སྒྲུང་རྩོམ་བྲིས་པ་གྲགས་ཅན་Paulo Coeloམཆོག ཨང་བརྒྱད་པ་ནི་ཨ་མེ་རི་ཀའི་སྙན་གྲགས་ཆེ་བའི་བརྙན་འཕྲིན་ལས་རིམ་གཙོ་སྐྱོང་བ་དང་གློག་བརྙན་སྒྱུ་སྩལ་འཁྲབ་སྟོན་པ་ གཞན་ཕན་ཆེད་ལས་དོན་སྤེལ་གནང་མཁན་ལྕམ་Oprah Winfreyཡིན་སྐོར་ཐོ་གཞུང་ནང་མི་སྣ་བརྒྱ་ཡི་མཚན་རིམ་བཞིན་བཀོད་འདུག་ལ་གོང་ཞུས་དུས་དེབ་དེའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་སྐུ་ཚེའི་ལོ་རྒྱུས་ཁག་ཀྱང་ཞིབ་ཕྲ་བཀོད་གནང་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org