བོད་ཀྱི་དཀའ་རྙོག་སེལ་ཐུབ་རྒྱུ་ཡིན་སྐོར་བཀའ་གནང་འདུག
༧གོང་ས་མཆོག་གིས་དུས་ཀྱི་འགྱུར་འགྲོས་འོག་རྒྱ་ནག་ལ་འགྱུར་བ་འགྲོ་རྒྱུ་ངེས་ཅན་ཡིན་པ་དང་། ཁྲིམས་ཀྱི་དབང་བསྒྱུར་གཅིག་གི་འོག་འགྲོ་ཐུབ་ན་བོད་ཀྱི་དཀའ་རྙོག་ཡང་སེལ་ཐུབ་རྒྱུ་ཡིན་སྐོར་བཀའ་གནང་འདུག
-
2012-12-12 -
-
-
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚེས་༡༢་ཉིན་རྒྱ་གར་ལྷོ་ཕྱོཌ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆཌ་ཀྱི་སློབ་གྲར་ཆིབས་བསྒྱུར་བཀྲིན་བསྐྱངས་གནང་སྟེ་བཀའ་སློབ་གནས་སྐབས། དུས་ཀྱི་འགྱུར་འགྲོས་དང་དངོས་ཡོད་གནས་སྟངས་ལ་གཞིག་པའི་རྒྱ་ནག་ལ་འགྱུར་བ་འགྲོ་རྒྱུ་ངེས་ཅན་ཡིན་པ་དང་རང་དབང་གུ་ཡངས་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་ཀྱི་དབང་བསྒྱུར་གཅིག་གི་འོག་འགྲོ་ཐུབ་ན་བོད་ཀྱི་དཀའ་རྙོག་ཡང་སེལ་ཐུབ་རྒྱུ་ཡིན་པ་དང་། དེང་སྐབས་བོད་ཕྱི་ནང་གཉིས་ཀའི་བོད་མི་རྣམས་སེམས་ཤུཌ་ཧ་ཅང་ཆེན་པོ་ཡོད་པ་དང་། འཛམ་གླིང་གིས་བོད་དོན་རྒྱབ་སྐྱོར་ཤུཌ་ཆེ་རུ་ཆེ་རུ་འགྲོ་བཞིན་པར་བོད་པའི་བདེན་དོན་ཇེ་གསལ་དུ་ཡོང་གི་ཡོད། དེ་བཞིན་རྒྱ་ནག་ནང་ལ་ཡང་འགྱུར་བ་ཆེན་པོ་འགྲོ་མུས་ཡིན་སྟབས་ང་ཚོར་རེ་བ་ཆེན་པོ་ཡོད་། མ་འོངས་པར་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་སམ་བོད་ལ་དུས་ཚོད་བཟང་པོ་ཞིག་ཤར་སྐབས་ལས་རིག་ཡོངས་རྫོཌ་བོད་མི་རང་ཉིད་ནས་འགན་ཆ་ཚང་ལེན་ཐུབ་པ་བྱ་རྒྱུར་སློབ་ཕྲུག་ཚོས་སེམས་ཤུཌ་གཅིག་ཏུ་སྒྲིལ་ནས་སློབ་སྦྱོང་ཧུར་ཐག་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་གནང་བ་མ་ཟད་། གཞི་རྩའི་ལོ་རྒྱུས་ཆ་ནས་བོད་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་རུང་། དེང་སྐབས་འཛམ་གླིང་སྤྱིའི་འཕོ་འགྱུར་དང་བསྟུན་ནས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་ཀྱི་ཐོག་བསྐྱོད་པ་ཡིན་ན་འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དོན་རྒྱབ་སྐྱོར་བྱེད་བདེ་བ་ཡོད་སྐོར་མུ་མཐུད་ནས་གསུངས་འདུག