༧གོང་ས་མཆོག་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་ལྷན་ཚོཊ་ཐོག་དབུ་བཞུགས།

༧གོང་ས་མཆོག་གིས་ཨི་ཊ་ལི་ནང་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་སོགས་མཛད་འཆར་བསྐྱངས་གནང་འདུག

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིར་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་ལྷན་ཚོཊ་ཐོག ༢༠༡༧།༩།༢༠ ཽྷྷOHHDL

༧གོང་ས་མཆོག་གིས་ཨི་ཊ་ལི་ནང་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་སོགས་མཛད་འཆར་བསྐྱངས་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་གྲོང་ཁྱེར་(Florence)་ནང་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་འདི་ཚེས་༢༠་ཉིན་གྱི་སྔ་དྲོར་ཡུལ་དེའི་(Tuscany)་མངའ་སྡེའི་གྲོང་ཁྱེར་(PiazzadelCavalieri)་ནང་ཞབས་སོར་བདེ་བར་འཁོད་གནང་གིས་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་སོགས་མཛད་འཆར་བསྐྱངས་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༠་ཉིན་གྱི་སྔ་དྲོའི་ཕྱག་ཚོད་༩་དང་སྐར་མ་༢༥་ཐོག་པི་ས་གྲོང་ཁྱེར་ནང་ཞབས་བསོར་བདེ་བར་འཁོད་གནང་མཛད་པར་པི་ས་(Pisa)་གྲོང་ཁྱེར་སྤྱི་ཁྱབ་(MarcoFilippeschi)་མཆོག་ནས་གུས་བསུའི་འཚམས་འདྲིའི་གསུང་བཤད་གནང་བ་དང་། དེའི་རྗེས་སུ་༧གོང་ས་མཆོག་གིས་ཕྱག་ཚོད་༩་དང་ཕྱེད་ཀ་ནས་ཕྱག་ཚོད་༡༡་བར་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་པ་དང་། བཀའ་སློབ་གྲུབ་པའི་མཚམས་སུ་བུ་གཉིས་དང་བོུ་གཉིས་བཅས་སློབ་ཕྲུག་བཞི་ཡིས་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་རྩལ་གནང་མཛད་འདུག་་དེ་ནས་༧གོང་ས་མཆོག་གིས་ཕྱག་ཚོད་༡༡་དང་སྐར་མ་༥་པའི་ཐོག་(Pisa)་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་ཆིབས་བསྒྱུར་བསྐྱངས་གནང་དང་འབྲེལ་(Pisa)་གཙུག་ལག་སློབ་གཉེར་ཁང་གིས་(Pisa)་གྲོས་ཚོགས་ཀྱི་ཚོགས་ནང་༧གང་ཉིད་ལ་ཉིན་གུང་འཇགས་སྨིན་འདེགས་འབུལ་ཞུས་འདུག
ཉིན་རྒྱབ་ཕྱག་ཚོད་༡༢་དང་ཕྱེད་ཀ་ནས་གཉིས་དང་ཕྱེད་ཀའི་བར་པི་ས་གཙུག་ལག་སློབ་གཉེར་ཁང་དང་བླ་མ་ཙོང་ཁ་པའི་ཆོས་ཚོགས་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། པི་ས་ཚོགས་ཁང་ནང་ནང་པའི་ཚན་རིག་དང་དེང་དུས་ཀྱི་ཚན་རིག་ལས་ནང་པའི་ལྟ་གྲུབ་དང་ཚན་རིག་དབང་རྩའི་ཚན་རིག་ཚད་རྡུལ་དངོས་ཁམས་རིག་པ་ནུབ་ཕྱོགས་ལྟ་གྲུབ་བཅས་ཀྱི་སྐོར་བགྲོ་གླེང་ཚོགས་འདུའི་ཐོག་དབུ་བཞུགས་མཛད་འདུག
མཁས་པའི་བགྲོ་གླེང་ཚོགས་འདུ་འདི་གཙོ་སྐྱོང་གནང་མཁན་ནི་སློབ་དཔོན་(BrunoNeri)་མཆོག་དང་བླ་མ་ཙོང་ཁ་པའི་ཆོས་ཚོགས་ཀྱི་འགན་འཛིན་(FillippoScianna)་རྣམ་གཉིས་ཡིན་པ་དང་། དེའི་ནང་Pisa་སློབ་གཉེར་ཁང་གི་སྐུ་མགྲོན་དུ་གདན་འདྲེན་ཞུས་བོད་དོན་རྒྱབ་སྐྱོར་ཆེན་པོ་གནང་མཁན་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Richard Gere)་ ལགས་དང་Pisa་སློབ་གཉེར་ཁང་གི་དབུ་འཛིན་(Paolo Mancarella)་སོགས་མཁས་དབང་ཁག་ལྷན་བཞུགས་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་རྒྱབ་ཕྱག་ཚོད་གཉིས་པའི་ཐོག་མཁས་པའི་བགྲོ་གླེང་འདིའི་ནང་ལྷན་བཞུགས་གནང་བའི་མི་མང་རྣམས་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་ཡོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org