༧གོང་ས་མཆོག་མི་མང་གིས་མཇལ་ཚུལ་ཡག་ཤོས་གྲས་ཡིན་པ།

ཨ་རིའི་སྲིད་དོན་ཚོཊ་པ་གཉིས་ཀྱི་ནང་ནས་མང་གཙོ་ཚོཊ་པའི་ཚོཊ་མི་རྣམས་ཀྱིས་༧གོང་ས་མཆོག་ལ་དགའ་མོས་ཆེ་བ་ཞུ་ཡི་ཡོད་འདུག

༧གོང་ས་མཆོག་དང་ཡེ་ཤུའི་བླ་ཆེན། དྲ་བཤུས

ཨ་རིའི་སྲིད་དོན་ཚོཊ་པ་གཉིས་ཀྱི་ནང་ནས་མང་གཙོ་ཚོཊ་པའི་ཚོཊ་མི་རྣམས་ཀྱིས་༧གོང་ས་མཆོག་ལ་དགའ་མོས་ཆེ་བ་ཞུ་ཡི་ཡོད་འདུག
དེ་ཡང་Harris Pollsཟེར་བའི་མི་མང་གི་བསམ་ཚུལ་བསྡུ་ལེན་བྱེད་མཁན་གྱིས་འདི་ལོའི་ཕྱི་ཟླ་༥་ཚེས་༢༠་ནས་༢༦་བར་དྲ་རྒྱ་བརྒྱུད་ནས་འཛམ་གླིང་ནང་གི་དབུ་ཁྲིད་ཆེ་ཁག་༡༦་སྐོར་ལ་བལྟ་ཚུལ་བཟང་ངན་ཇི་ཡོད་ཐད་རང་ལོ་༡༨་ཡན་གྱི་ཨ་རིའི་མི་མང་༢༢༢༥ལ་བསམ་ཚུལ་བསྡུ་ལེན་བྱས་པའི་འབྲས་བུར། དེ་དག་ལས་མི་མང་ཆེ་བས་མཇལ་ཚུལ་བཟང་ཤོས་སུ་འཛིན་ཡུལ་ནི་འཛམ་གླིང་ནང་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཚོ་མ་ཡིན་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་ཞིང་། བསམ་ཚུལ་བསྡུ་ལེན་བྱེད་ཡུལ་གྱི་མི་བརྒྱ་ཆ་༧༣་གྱིས་ཡེ་ཤུའི་བླ་ཆེན་པོབ་ཕ་རན་སིས་མཆོག་ལ་མཇལ་ཚུལ་ཡག་པོ་ཡོད་པ་དང་། བརྒྱ་ཆ་༦༢ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཚུལ་ཡག་པོ་འཛིན་གྱི་ཡོད་པ་བརྗོད་འདུག ཡང་ཨ་རིའི་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པ་བཅས་སྲིད་དོན་ཚོགས་པ་མི་འདྲ་བ་གཉིས་ཀྱི་ཁོངས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་མང་གཙོ་ཚོགས་པའི་ཚོགས་མི་བརྒྱ་ཆ་༦༨་ཡིས་མཇལ་ཚུལ་ཡག་པོ་འཛིན་གྱི་ཡོད་པ་དང་། ཡང་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་བརྒྱ་ཆ་༥༩་ཡིས་མཇལ་ཚུལ་ཡག་པོ་འཛིན་གྱི་ཡོད་སྟབས་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་ནང་ནས་མང་གཙོ་ཚོགས་པའི་ཚོགས་མི་རྣམས་ཀྱིས་༧གོང་ས་མཆོག་ལ་དགའ་མོས་ཆེ་བ་ཞུ་ཡི་ཡོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org