ཧྥ་རན་སིའི་སྲིད་འཛིན་ཟུར་པ་སྐུ་གྲོངས་པར་༧གོང་ས་མཆོག་གིས་ཐུཊ་གསོའི་གསུངས་འཕྲིན་བསྩལ།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཧྥ་རན་སིའི་སྲིད་འཛིན་ཟུར་པ་སྐུ་ཞབས་(Jacques Chirac)་མཆོག་སྐུ་གྲོངས་བར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
-
2019-09-27 -
-
-
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཧྥ་རན་སིའི་སྲིད་འཛིན་ཟུར་པ་སྐུ་ཞབས་(Jacques Chirac)་མཆོག་སྐུ་གྲོངས་བར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
འདི་ཚེས་༢༧་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྐུ་ཞབས་དམ་པ་(Jacques Chirac)་མཆོག་གི་སྐུ་ཟླ་ལྕམ་བེ་ཎི་ཊིག་ཅི་རག་མཆོག་ལ་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་དེའི་ནང་། དམ་པ་ཁོང་དེ་སྔ་ཧྥ་རན་སིའི་རྒྱལ་ས་(Paris)་ཡི་གྲོང་ཁྱེར་སྤྱི་ཁྱབ་ཡིན་པའི་སྐབས་སུ། ངོས་ཀྱིས་ངོ་ཤེས་པའི་རྗེས་་ཁོ་རང་བོད་མིའི་གྲོགས་པོ་ཞིག་ལ་ངོས་འཛིན་བྱས་པ་ཡིན། དེ་ནས་ཁོང་ཧྥ་རན་སིའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཆགས་པའི་སྐབས། འཇར་མན་རྒྱལ་ཁབ་ལྷན་དུ་མཉམ་མཐུན་བྱས་ཏེ་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཕན་ཐོགས་བྱུང་བར་ངོས་ཀྱི་བསྔགས་བརྗོད་བྱས་པ་ཡིན། ཨ་ཧྥི་རི་ཀ་དང་། (Latin Amerrica) དེ་བཞིན་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་ནང་། ཆབ་སྲིད་ཀྱི་དམིགས་ཡུལ་གོང་འཕེལ་ཡོང་བར་དེ་ལྟ་བུའི་སྒྲིག་འཛུགས་ཡོང་ཐུབ་པའི་རེ་བ་ཡོད། དམ་པ་ཁོང་གིས་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ནུས་པ་གོང་མཐོར་བཏང་ཡོད་པར་བརྟེན། ཁོང་ལ་གུས་བརྩི་དང་ལྡན་པའི་ཐོག་ནས་དྲན་གསོ་བྱེད་ཀྱི་ཡོད་ཅེས་གསུངས་འཕྲིན་བསྩལ་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་ན། འདི་ཚེས་༢༦་ཉིན་དགོང་པ་རྫོགས་པའི་ཧྥ་རན་སི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇེག་ཅི་རག་མཆོག་གིས། བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་༡༩༨༤་ལོར་ཧྥ་རན་སིའི་ནང་གཞུང་འབྲེལ་གྱི་གདན་ཞུས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་དང་ཐུགས་འདྲིས་ཉེ་པོ་ཡོད་མཁན་ཞིག་ཡིན་པ་གསུངས་གནང་གི་འདུག།
དམ་པ་ཁོང་གིས་ཕྱི་ལོ་༡༩༧༤་ནས་༧༦་བར་དང་། ཡང་༡༩༨༦་ནས་༨༨་བར་བཅས་ཧྥ་རན་སིའི་སྲིན་བློན་གྱི་ལས་ཡུན་ཐེངས་གཉིས་དང་། ཕྱོགས་མཚུངས་༡༩༩༥་ནས་༢༠༠༧་བར་སྲིད་འཛིན་ཡང་གནང་མྱོང་ཡོད་པ་རེད་འདུག