ས་ཡོམ་གྱི་གོད་ཆག་ཕོག་པར་༧གོང་ས་མཆོག་གིས་ཐུགས་གསོ་གནང་བ།
ཉེ་ཆར་ས་ཡོམ་གྱི་གོད་ཆག་ཆེན་པོ་ཕོག་ཁུལ་ལ་༧གོང་ས་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་བསྩལ་གནང་ཡོད་པ།
-
2016-04-19 -
-
-
སྤྱི་ཟླ་༤་ཚེས་༡༨་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་གིས། ས་ཡོམ་གྱི་གོད་ཆག་བྱུང་ཡུལ་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་Ecuador་ཡི་སྲིད་འཛིན་Rafael Correa་མཆོག་དང་། དེ་བཞིན་ས་ཡོམ་གྱི་གོད་ཆག་བྱུང་ཡུལ་ཉི་ཧོང་གི་སྲིད་བློན་Shinzo Abe་མཆོག་རྣམ་གཉིས་ཁུངས་སོ་སོར་ཐུགས་གསོའི་འཚམས་འཕྲིན་ཞིག་གནང་ཡོད་པ་རེད།
འཚམས་འཕྲིན་དེའི་ནང་། ༧གོང་ས་མཆོག་གིས་བཀའ་གནང་བར། ཉེ་ཆར་(Ecuador)་དང་། ཉི་ཧོང་གི་ཁུ་ཤུ་(Kyushu)་ནང་ས་ཡོམ་ཅི་ཆེ་བྱུང་ནས་ཡུལ་མི་མང་པོར་སྲོག་སྐྱོན་དང་། རྨས་སྐྱོན། དེ་བཞིན་ས་ཡོམ་གོད་ཆག་ཅི་ཆེ་བྱུང་བར་ཐུགས་གསོའི་འཚམས་འཕྲིན་དང་ཞལ་འདེབས་ཁག་གནང་ཡོད་པ་རེད།
དེ་བཞིན་༧་གོང་ས་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་གྱི་ནང་། སྲོག་སྐྱོན་བྱུང་བའི་ཡུལ་མི་ཚོའི་ཆེད་དུ་ཐུགས་སྨོན་སྐྱབས་གཟིགས་གནང་རྒྱུ་ཡིན་ལུགས་བཀའ་སྩལ་གནང་ཡོད་པ་རེད།
དེ་བཞིན་ཉི་ཧོང་གི་སྲིད་བློན་མཆོག་ལའང་༧གོང་ས་མཆོག་གིས་བཀའ་གནང་བར། མགོན་པོ་གང་ཉིད་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འཕགས་པ་ཤེས་རབ་སྙིང་པོའི་མདོ་ལས་སྨོན་ལམ་འདོན་རྒྱུ་ཡིན་པའི་སྐོར་༧གོང་ས་མཆོག་གིས་བཀའ་འཕྲིན་སྩལ་གནང་ཡོད་པ་འདུག།
གསར་འགོད་པ་ཕྲེང་རིང་བསྟན་ནོར།