དྲག་སྤྱོད་སྒྲིག་འཛུཊ་མཉམ་གྲོས་མོལ་བྱེད་རྒྱུའི་འབོད་སྐུལ་གནང་བ།

༧གོང་ས་མཆོག་གིས་ཁ་ཆེའི་དྲག་སྤྱོད་སྒྲིག་འཛུགས་དང་མཉམ་གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་གནང་འདུག

༧གོང་ས་མཆོག་སྨན་པ་གྲགས་ཅན་Alaa Murabit་དང་ལྷན། ༢༠༡༦།༩།༡༠ Olivier Adam

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཆེའི་དྲག་སྤྱོད་སྒྲིག་འཛུགས་དང་མཉམ་གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་ཨེ་ཕིས་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༡༣་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཱ་རོས་སུ་ནས། ཁ་ཆེའི་དྲག་སྤྱོད་སྒྲིག་འཛུགས་དང་གྲོས་མོལ་གྱི་ལམ་ནས་སུ་རོས་ཡ་དང་ཨས་ར་ཁི་ས་ཁུལ་དུ་མི་གསོད་ཁྲག་སྦྱོར་གྱི་གནད་དོན་འབྱུང་བཞིན་པ་དེ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་གནང་སྟེ། ༧གོང་ས་མཆོག་ནས་ཆོས་ལུགས་གང་ཞིག་ཡིན་རུང་འཚེ་བའི་ལས་ལ་ངོ་རྒོལ་ཡོད་པ་དང་། གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་གནང་རྒྱུ་ནི་ལམ་ཁ་ཉག་ཅིག་ཡིན་པ་མ་ཟད། ཁ་ཆེའི་ཆོས་དང་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པ་གཉིས་མཉམ་དུ་སྦྱར་ན་འོས་འཚམས་མིན་པ་དང་། དངོས་གནས་ཁ་ཆེའི་ཆོས་ཉམས་ལེན་གནང་མཁན་ཞིག་ཡིན་ན་མི་གཞན་གྱི་ཚེ་སྲོག་ལ་གུས་བརྩི་གནང་དགོས་ཀྱི་རེད་ལ། མི་སུ་ཞིག་གིས་ཀྱང་ཁ་ཆེའི་ཆོས་དང་ནང་པའི་ཆོས་སོགས་ཀྱི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་ལས་དོན་སྤེལ་བ་ཡིན་ན། དེ་ནི་ཁ་ཆེ་བ་དང་ནང་པ་ངོ་མ་ཞིག་མ་རེད་ཅེས་སོགས་གསུང་ཡོད།
དེ་བཞིན་༧གོང་ས་མཆོག་གིས་ཚེས་༡༣་ཉིན་པཱ་རོས་སུ་ནས་གསར་འགོད་ལྷན་ཚོགས་ཤིག་ཐོག་གསར་འགོད་པ་ཚོར། ཁ་ཆེའི་དྲག་སྤྱོད་པ་དང་ནང་པའི་དྲག་པ་ཞེས་ཆོས་ལུགས་སྤྱིའི་མིང་གི་ཐོག་ནས་གནས་ཚུལ་བྲིས་སྤེལ་བྱེད་བཞིན་པ་དེ་ནི་ཤིན་ཏུ་མི་འོས་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད། ད་དུང་མིའི་གཞི་རྩའི་རིན་ཐང་ཡར་རྒྱས་གཏོང་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ་གོང་འཕེལ། བོད་དང་གོ་ལའི་ཁོར་ཡུག་ཐད་རླབས་ཆེན་གྱི་དགོངས་བཞེས་ཁག་གསལ་བཤད་གནང་བ་དང་མཉམ་དུ། གསར་འགོད་པ་ཚོར་འཛམ་གླིང་ནང་གི་ཆག་སྒོའི་གནས་ཚུལ་ཙམ་མིན་པར་བཟང་ཕྱོགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུར་འབད་བརྩོན་གནང་དགོས་བ་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་རེད།།

གསར་འགོད་པ་ལྕགས་མོ་འཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org