དུས་དེབ་མདུན་ཤོག་ལེགས་ཤོས་ཀྱི་གཟེངས་རྟགས་བྱ་དགའ་ཐོབ་པ།

༧གོང་ས་མཆོག་གི་སྐུ་པར་འཁོད་པའི་དུས་དེབ་ཞིག་ལ་ལོ་འདིའི་དུས་དེབ་མདུན་ཤོག་ལེགས་ཤོས་ཀྱི་གཟེངས་རྟགས་བྱ་དགའ་ཐོབ་འདུག

གནད་དོན་ཆེན་པོའམ་The Big Issueཞེས་པའི་དུས་དེབ་ཀྱི་མདུན་ཤོག ༢༠༡༥ དྲ་བཤུས

༧གོང་ས་མཆོག་གི་སྐུ་པར་འཁོད་པའི་དུས་དེབ་ཞིག་ལ་ལོ་འདིའི་དུས་དེབ་མདུན་ཤོག་ལེགས་ཤོས་ཀྱི་གཟེངས་རྟགས་བྱ་དགའ་ཐོབ་འདུག
དེ་ཡང་འདི་ཟླའི་ཚེས་༡༦་གྱི་ཕྱི་དྲོར་PPA Scotlandདུས་དེབ་ཁག་ལ་བྱ་དགའ་འབུལ་རྒྱུའི་མཛད་སྒོ་ཞིག་ཡུལ་དེའི་གྲོང་ཁྱེར་Edinburgནང་གོ་བསྒྲིགས་ཞུས་ཡོད་པའི་སར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་The Big Issueའམ་གནད་དོན་ཆེན་པོ་ཞེས་པའི་དུས་དེབ་ཀྱི་གསར་འགོད་པ་Adam Forrester་ཀྱིས་དམིགས་བསལ་བཅར་འདྲི་དང་ལེན་མཛད་ནས། ༧མགོན་པོ་གང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་ཞེས་བཀའ་སྩལ་གནང་མཛད་པ་ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་བྲིས་སྤེལ་བར་གསར་འགོད་པ་དེར་Best Feature Writerའམ་ལེ་ཚན་གྱི་རྩོམ་བྲིས་པ་རྩེ་ཕུད་ཡིན་པའི་གཟེངས་རྟགས་ཐོབ་འདུག
ཡང་དུས་དེབ་འདིའི་ཆེད་དུ་པར་པ་Louis Haywood Schieferཡིས་བསྒྲོན་པའི་༧གོང་ས་མཆོག་གི་སྐུ་པར་དང་། ༧མགོན་པོ་གང་ཉིད་ནས་I am a refugeeའམ་ང་སྐྱབས་བཅོལ་བ་ཞིག་ཡིན་ཞེས་བཀའ་གནང་བ་འཁོད་པའི་དེབ་ཀྱི་མདུན་ཤོག་ལ་དབྱིན་སྐད་ཐོག་Cover of The Year་འམ་ལོ་འདིའི་མདུན་ཤོག་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག
The Big Issueཞེས་པའི་དུས་དེབ་དེ་བཞིན་Scotlandནང་པར་བསྐྲུན་དང་འདོན་སྤེལ་གནང་གི་ཡོད་རུང་དབྱིན་ཡུལ་རྒྱལ་ཡོངས་ནང་ཚོང་འགྲེམས་ཞུ་གིན་ཡོད་འདུག་ལ། དུས་དེབ་དེ་གསར་འཛུགས་གནང་སྟེ་ད་ལོ་ལོ་༢༤་ཕྱིན་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org