༸གོང་ས་མཆོག་གིས། བོད་ཡིག་དེ་གལ་འགངས་ཆེན་པོ་ཆགས་ཡོད་ཅེས་བཀའ་སྩལ་བ།

ལྷག་དོན་ནང་ཆོས་ཀྱི་སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་པའི་ཚན་རིག་པ་དག་གིས་ཀྱང་ཐུགས་སྣང་གནང་གི་ཡོད། དེ་ལྟ་བུའི་བརྗོད་བྱ་གཏིང་ཟབ་ཡོད་པ་དེ་དག་བོད་ཡིག་ཁོ་ནས་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད་སྟབས། བོད་ཡིག་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ཞེས་བཀའ་སྩལ་བ།

༸གོང་ས་མཆོག་གི་མི་མང་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༠༧།༢༩ ཉིན། OHHDL

ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྐྱ་མི་མང་ཁག་གཅིག་ལ་མཇལ་ཁ་བཀའ་དྲིན་མཛད་པའི་སྐབས། ༸གོང་ས་མཆོག་གིས། ནང་པའི་ལྟ་གྲུབ་ནི་ཆེས་གཏིང་ཟབ་ཅིང་། ལྷག་དོན་ནང་ཆོས་ཀྱི་སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་པའི་ཚན་རིག་པ་དག་གིས་ཀྱང་ཐུགས་སྣང་གནང་གི་ཡོད། དེ་ལྟ་བུའི་བརྗོད་བྱ་གཏིང་ཟབ་ཡོད་པ་དེ་དག་བོད་ཡིག་ཁོ་ནས་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད་སྟབས། བོད་ཡིག་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ཞེས་བཀའ་སྩལ་བ། 

ཡང་མཇལ་ཁའི་སྐབས། ལོ་ན་མཐོ་བའི་རྨོ་བོ་ལགས་ཤིག་མིག་མི་བདེ་ཡང་༸གོང་ས་མཆོག་གིས་གསེར་ཞལ་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་གནང་སོང་། 

དེ་རིང་མཇལ་ཁའི་མཇུག་མཐར། ༸གོང་ས་མཆོག་གིས་སྤོ་བོ་ལགས་ཤིག་ལ། མ་འོངས་འཆི་བའི་སྐབས། འཕགས་པ་སྤྱན་རས་གཟིགས་བསྒོམས་ནས་བྱང་ཆུབ་ཀྱི་སེམས་བསམ་བློ་གཏོང་དགོས་ཞེས་བཀའ་སྩལ་སོང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༡ ཉིན་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་ནས་ཕྱི་ཚེས་ ༢༡ ནས་ཉིན་གསུམ་གྱི་བཀའ་ཆོས་བཀའ་དྲིན་བསྐྱངས་ཡོད་པ་དང་། མུ་མཐུད་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་མུས་ཡིན་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།  
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org