༸གོང་ས་མཆོག་པོ་ལེནྜ་ནང་ཆིབས་བསྒྱུར་བསྐྱངས་བ།

༸གོང་ས་མཆོག་ལ་ཕེབས་བསུ་ཞུས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་པ་སངས་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་པོ་ལེནྜ་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་དང་། དུས་ཡུན་ཉིན་གྲངས་བརྒྱད་རིང་ཡུལ་དེའི་ནང་བཞུགས་བཞག་རིང་ཕ་རེནས྄་ཡི་སྲིད་འཛིན་ནི་ཁོ་ལ་སར་ཁོ་ཛི་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་པར་རྒྱ་ནག་གཞུང་གིས་ཕ་རེནས྄་ཡི་སྲིད་འཛིན་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་གྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཡང་ཕྱིར་འཐེན་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org